79202
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་ཡན་ལག་གསུམ་སྟེ། མ་རིག་པའི་ཡན་ལག སྲེད་པའི་ཡན་ལག ཉེ་བར་ལེན་པའི་ཡན་ལག་གོ ། ༢ ལུས་ཀྱི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་ཡན་ལག་གཉིས་ཏེ། འདུ་བྱེད་ཀྱི་ཡན་ལག སྲིད་པའི་ཡན་ལག་གོ ། ༣ སྐྱེ་བའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་ཡན་ལག་བདུན་ཏེ། རྣམ་པར་ཤེས་པའི་ཡན་ལག མིང་དང་གཟུགས་ཀྱི་ཡན་ལག སྐྱེ་མཆེད་དྲུག་གི་ཡན་ལག རེག་པའི་ཡན་ལག ཚོར་བའི་ཡན་ལག སྐྱེ་བའི་ཡན་ལག རྒ་ཤིའི་ཡན་ལག་གོ ། |
| Domain | ཆོས་ལུགས། |