79205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་འབྲེལ་ (1)
Part of speech མིང་ཚིག
Definition སྔ་ལྟས་སམ་འབྱུང་འགྱུར་གྱི་རྟགས་མཚན་ཏེ།
Example རྟེན་འབྲེལ་ལོག་པ། རྟེན་འབྲེལ་འཕྱུགས་པ་ཞེས་པ་ལྟ་བུ།
རྟེན་འབྲེལ་ (2)
Part of speech མིང་ཚིག
Definition མཛད་སྒོའི་དོན་ཏེ།
Example རྟེན་འབྲེལ་ཞུ་ཚིག རྟེན་འབྲེལ་ཞུ་བ། ལོ་གསར་གྱི་རྟེན་འབྲེལ་ལྟ་བུ།
རྟེན་འབྲེལ་ (3)
Part of speech མིང་ཚིག
Definition བཅུ་གཉིས་ཏེ། རྟེན་འབྲེལ་ལ་ཡན་ལག་བཅུ་གཉིས་ཡོད་པས་མིང་དེ་ལྟར་བཏགས།
Type མངོན་བརྗོད།
རྟེན་འབྲེལ་ (4)
Part of speech མིང་ཚིག
Definition མདོ། མཚན་ཉིད། གང་ལ་བརྟེན་ནས་སྐྱེ་བའམ། རྒྱུ་རྐྱེན་ལས་འབྱུང་དུ་རུང་བའོ། །མཚན་གཞི་འདུས་བྱས་ཐམས་ཅད་དོ། །དབྱེ་ན་ཕྱི་རྟེན་འབྲེལ་འཇིག་ཆགས་ལ་སོགས་པ་དང་། ནང་རྟེན་འབྲེལ་མ་རིག་པ་ལ་སོགས་པ་ཀུན་ནས་ཉོན་མོངས་ཕྱོགས་དང་རྣམ་པར་བྱང་བའི་ཕྱོགས་སོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]
རྟེན་འབྲེལ་ (5)
Part of speech མིང་ཚིག
Definition ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མ་ཡིན་པར་ཡུལ་ཅན་གྱི་བློ་ལ་སྣང་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཐ་སྙད་འདོགས་པའི་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་ཏེ། རྩ་ཤེ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །ཀུན་རྫོབ་སྣང་ཙམ་དུ་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་རྒྱུ་འབྲས་སོ་སོར་ངེས་ཀྱང་རྒྱུ་དེ་ལས་འབྲས་བུ་སྐྱེ་བའི་རྒྱུ་མཚན་ལ་རིགས་པས་དཔྱད་པའི་ཚེ། མཐའ་བཞིའི་སྐྱེ་བ་དང་བྲལ་བས་རྒྱུ་ལས་འབྲས་བུ་སྐྱེ་བ་ཉིད་མི་འགྲུབ་པ་ནི་རྟེན་འབྲེལ་ཡིན་ཏེ། ཀླུ་སྒྲུབ་ཞབས་ཀྱིས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང། །མི་འཕོ་བར་ནི་མཁས་རྟོགས་བྱ། །ཞེས་གསུངས་པས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རྟེན་འབྲེལ་རབ་གསལ་ལས་གསུངས་སོ། ། ཆོས་འགའ་ཞིག་ལ་བརྟེན་ནས་འབྱུང་བ་ཡིན་པས་། ཡེ་མ་བྱུང་བ་དང། རྒྱུ་མེད་དུ་འབྱུང་བ་དང། རྒྱུ་ངེས་མེད་ལས་འབྱུང་བ་རྣམས་སེལ་བར་བྱེད་དོ། །དེ་ལ་ངོ་བོ་ལྟོས་པ་ནི། ཆོས་འགའ་ཞིག་ལས་འགའ་ཞིག་གི་ངོ་བོ་གྲུབ་པ་མར་མེ་ལ་ལྟོས་ནས་འོད་འབྱུང་བ་ལྟ་བུའོ། །རིན་ཆེན་ཕྲེང་བ་ལས། འདི་སྐྱེས་པས་ན་འདིེ་སྐྱེ་དཔེར། །མར་མེ་སྐྱེས་པས་འོད་བཞིན་ནོ། །རྣམ་འཇོག་ལྟོས་པ་ནི། ཆོས་འགའ་ཞིག་ལས། འདི་ན་འདིའོ་ཞེས་བྱ་བ་ཐ་སྙད་གྲུབ་པ་སྟེ། དེ་ཉིད་ལས། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་པས་ཐུང་ངུ་བཞིན། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
རྟེན་འབྲེལ་ (6)
Part of speech མིང་ཚིག
Definition རང་དབང་ངམ་ཚུགས་ཐུབ་ཏུ་མ་གྲུབ་པར་ཕན་ཚུན་བརྟེན་ནས་གྲུབ་པ་ཞིག་ལ་རྟེན་འབྲེལ་ཞེས་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། སེམས་ཙམ་པས་རྟེན་འབྲེལ་གྱི་སྒྲ་དོག་པའི་དབང་དུ་བྱས་ནས། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་རྟེན་འབྲེལ་གྱི་མཚན་ཉིད་དུ་བྱེད། དབུ་མ་པས་སྒྲ་ཡང་པའི་དབང་དུ་བྱས་ནས། ལྟོས་ནས་གྲུབ་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད། དེ་ལ་དབྱེ་ན། འདུས་བྱས་ཀྱི་རྟེན་འབྲེལ་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས་ཡོད། ཡང་པཎ་ཆེན་སྤྱི་དོན་ལས། སྐབས་འདིར་རྟེན་འབྲེལ་གྱི་མཐའ་དཔྱད་པ་ལ་གཉིས་ཏེ། རྟེན་འབྲེལ་སྤྱིའི་རྣམ་གཞག་དང། གནས་སྐབས་པའི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ཡང་རྟེན་འབྲེལ་གྱི་སྐད་དོད་ལ་པྲ་ཏི་ཏ་ཞེས་པ་བརྟེན་པ་ལྟོས་པ་ཕྲད་པ་གསུམ་ཀ་ལ་འཇུག་པའི་དབང་དུ་བྱས་ན་ཆོས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། ཆོས་ཐམས་ཅད་བརྟེན་ནས་གྲུབ་ལྟོས་ནས་གྲུབ་ཕྲད་ནས་གྲུབ་པའི་ཕྱིར་ཏེ། རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེའི་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས། ཡང་བརྟེན་ནས་འབྱུང་བའི་སྐད་དོད་པྲ་ཏི་ཏ་ས་མུད་པ་ཏ་ཞེས་པའི་སྒྲ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་ལ་འཇུག་པའི་དབང་དུ་བྱས་ན། འདུས་བྱས་ཁོ་ན་ལ་རྟེན་འབྲེལ་དུ་བཞག་སྟེ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་སོགས་དང། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་གྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡང་མི་བྱེད། །རྒྱུ་དང་བཅས་ཤིང་རྐྱེན་བཅས་ཆོས་ཤེས་ཀྱི། །རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན། །ཞེས་གསུངས། དེ་ཡང་སེམས་ཙམ་པ་རྣམས་ནི། སྒྲ་དོག་པའི་དབང་དུ་བྱས་ནས་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་བཞེད། དབུ་མ་པ་སྒྲ་ཡངས་པའི་དབང་དུ་བྱས་ནས་རང་གི་མཚན་ཉིད་འཛིན་པའི་ཆོས་ལ་རྟེན་འབྲེལ་གྱིས་ཁྱབ་པར་བཞེད་དོ། །ཞེས་གསུངས་སོ། །