79218
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ༡ མ་རིག་པ། ༢ འདུ་བྱེད། ༣ རྣམ་ཤེས། ༤ མིང་གཟུགས། ༤ སྐྱེ་མཆེད། ༥ རེག་པ། ༧ ཚོར་བ། ༨ སྲེད་པ། ༩ ལེན་པ། ༡༠ སྲིད་པ། ༡༡ སྐྱེ་བ། ༡༢ རྒ་ཤི་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྟེན་འབྲེལ་བཅུ་གཉིས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག དེ་ལྟར་ན་སྐྱེ་བ་སྔ་མའི་ནུས་པ་བཞི་དང་བསམ་པ་བཞི་ལས། འཆི་གར་སྟོང་པ་ལ་ཞུགས་པ་ཡན་ཆད་ནི་མ་རིག་པ་དང་། མངལ་དུ་ཉིང་འཚམས་སྦྱོར་བཞིན་པ་ལས་ཀྱིས་འཁྲིད་པ་ནི་འདུ་བྱེད། ཉིང་མཚམས་སྦྱར་མ་ཐག་པའི་ཤེེས་པ་ནི་རྣམ་ཤེས། ཁམས་དྲུག་འཕེལ་བ་ནི་མིང་གཟུགས། དབང་པོ་དོད་པ་ནི་སྐྱེ་མཆེད་དྲུག་དེས་ཡུལ་ཕྲ་མོ་འཛིན་པའི་ནུས་པ་རྙེད་པ་ནི་རེག་པ། ཡུལ་ཉམས་སུ་མྱོང་བ་ནི་ཚོར་བ་སྟེ། མངལ་དུ་ལོངས་སྤྱོད་བདེ་སྡུག་ལ་བླང་དོར་དུ་སྲེད་པ་ནི་སྲེད་པ། ཡན་ལག་གཡོ་བ་ནི་ལེན་པ། བཅས་པའི་གནས་སྐབས་སུ་རླུང་རྒྱུ་བ་ནི་སྲིད་པ། དེ་ནས་བརྩམས་ཏེ་བྱིས་པ་དང་ལང་ཚོོའི་བར་ནི་སྐྱེབ། རྒས་པ་དང་འཆི་བའི་གནས་སྐབས་ནི་རྒ་ཤི་སྟེ། འདི་ནི་སྐྱེ་བ་གཉིས་ལ་སོགས་པས་རྫོགས་པའི་ལུགས་ཡིན་ནོ། ། |
{{#arraymap:རྟེན་འབྲེལ་བཅུ་གཉིས་
|; |@@@ | | }}