79232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གསུམ་དུ་བསྡུ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྟེན་འབྲེལ་བཅུ་གཉིས་པོ་སོ་སོའི་ངོ་བོ་ནི། ཚེ་གསུམ་གྱི་དབང་དུ་བྱས་ནས་བཤད་ན་འདི་ལྟར་ཡིན་ཏེ། ཚེ་སྔ་མའི་ཉོན་མོངས་པའི་གནས་སྐབས་ཀྱི་ཕུང་པོ་ནི་མ་རིག་པའི་རྟེན་འབྲེལ་དང། ཚེ་སྔ་མའི་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་ཀྱི་དེ་ལྔ་ནི་འདུ་བྱེད་ཀྱི་རྟེན་འབྲེལ། ཚེ་བར་མར་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་གི་ཕུང་པོ་ལྔ་ནི་རྣམ་ཤེས་ཀྱི་རྟེན་འབྲེལ་དང། ཉིང་མཚམས་སྦྱར་ཟིན་པ་ཕན་ཆད་ནས་སྐྱེ་མཆེད་དྲུག་དོད་པ་ཚུན་ཆད་ཀྱི་གནས་སྐབས་དེ་ལྔ་ནི་མིང་གཟུགས་ཀྱི་རྟེན་འབྲེལ་དང། སྐྱེ་མཆེད་དྲུག་དོད་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་ཀྱི་གནས་སྐབས་ཀྱི་དེ་ལྔ་ནི་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་དང། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་བདེ་སྡུག་དང་བཏང་སྙོམས་ཀྱི་རྒྱུ་བ་ཤེས་ཤིང། ཡོངས་སུ་སྤྱོད་ནུས་པ་ཚུན་ཆད་ཀྱི་གནས་སྐབས་དེ་ལྔ་ནི་རེག་པའི་རྟེན་འབྲེལ་དང། ཚོར་བའི་རྒྱུ་བ་ཤེས་ཤིང་སྤྱོད་ནུས་པ་ནས་འཁྲིག་པ་མི་སྤྱོད་ཀྱི་བར་གྱི་དེ་ལྔ་ཚོར་བའི་རྟེན་འབྲེལ་ཏེ། རྟེན་འབྲེལ་དེ་ལྔ་ལ་ནི་འབྲས་བུའི་རྟེན་འབྲེལ་ཞེས་བྱ། དེ་བཞིན་དུ་འདོད་ཡོན་གྱི་ལོངས་སྤྱོད་དང་འཁྲིག་པ་ལ་ཆགས་པ་ཅན་གྱི་གནས་སྐབས་ཀྱི་དེ་ལྔ་ནི་སྲིད་པའི་རྟེན་འབྲེལ་དང། ཡུལ་གྱི་ལོངས་སྤྱོད་རྣམས་ཐོབ་པ་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པའི་གནས་སྐབས་དེ་ལྔ་ནི་ཉེར་བར་ལེན་པའི་རྟེན་འབྲེལ་ཏེ། སྲེད་ལེན་གྱི་རྟེན་འབྲེལ་དེ་གཉིས་ལ་ཉོན་མོངས་པའི་རྟེན་འབྲེལ་ཞེས་བྱ། རྒྱུག་པ་དེ་སྲིད་དུ་ཡང་སྲིད་ཚེ་ཕྱི་མའི་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པའི་གནས་སྐབས་ཀྱི་དེ་ལྔ་ནི་སྲིད་པའི་རྟེན་འབྲེལ་ཡིན་ཞིང། ལས་ཀྱི་རྟེན་འབྲེལ་ཞེས་ཀྱང་བྱ། སྲེད་ལེན་སྲིད་པའི་རྟེན་འབྲེལ་གསུམ་པོ་འདི་ཚེ་ཕྱི་མའི་སྐྱེ་རྒ་གཉིས་ཀྱི་རྒྱུ་ཡིན་པས། རྒྱུའི་རྟེན་འབྲེལ་དུ་བཞག དེ་བཞིན་དུ་ལས་དེས་རྒྱུ་བྱས་ནས་ཚེ་ཕྱིར་མར་ཡིད་ཀྱི་རྣམ་ཤེས་ཉོན་མོངས་ཅན་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་སྐྱེ་བའི་རྟེན་འབྲེལ་ཏེ། ཚེ་བར་པར་རྣམ་ཤེས་ཀྱི་རྟེན་འབྲེལ་དུ་བཞག་པ་དེ་དང་དོན་འདྲ་བ་ཡིན། སྐྱེ་བ་སྔ་ཕྱིའི་ཁྱད་པར་ཡོད་པས་གཅིག་ཏུ་ཁས་མི་ལེན། ཚེ་བར་པར་མིང་གཟུགས་ནས་ཚོར་བར་བཞག་པའི་བར་བཞི་ནི་ཚེ་གསུམ་དུ་ཕྱེ་བའི་གསུམ་པ་འདིར་རྒ་ཤིའི་རྟེན་འབྲེལ་དུ་མིང་འདོགས་ཏེ་རྒ་ཤིའི་རྟེན་འབྲེལ་ལ་རྟེན་འབྲེལ་དེ་བཞི་ཚང་བ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གསུམ་དུ་བསྡུ་བ་

|; |@@@ | | }}