79248
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྙིང་མ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ཕྱི་ལོ་༡༨༩༦ ལོའི་ཧོར་ཟླ་དྲུག་པའི་ཚེས་གསུམ་ལ་འབྲས་དཀར་འཆམ་ཞིག་གི་རྐྱེན་ལས་ཐུགས་ལ་ཤར་བ་ལྟར་མཛད་པ་ཞིག་སྟེ། དེ་ཡང་མི་གོས་དཀར་པོ་ཅན། ཞྭ་པདྨ་ཁ་འབུས་པ་ལྟ་བུ། མེ་ལོང་དར་སྣ་རྨ་བྱའི་སྒྲོས་བརྒྱན། ལག་གཡས་སྦ་དབྱུག་རྩེ་ལ་དར་སྣ་དྲིལ་བུ་བཏགས་པ་ཐོགས་ཏེ་ཁ་ནས་ཁ་གཡང་ཚིགས་སུ་བཅད་པ་བརྗོད་ཅིང་ལུས་ཀྱིས་རྟེན་འབྲེལ་གྱི་གར་ལ་རོལ་ཚུལ་སོགས་བསྟན་པ་ཞིག་ཡིན་ནོ། ། |
{{#arraymap:རྟེན་འབྲེལ་ལམ་ཡག་འཆམས་ལུགས་
|; |@@@ | | }}