79251
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕྱིའི་རྟེན་འབྲེལ་ནི། རླུང་ལོག་དང་མཐོང་སྣང་ལ་སོགས་པའི་ཕྱི་རོལ་རགས་པ་སྣང་བའོ། །ནང་གི་རྟེན་འབྲེལ་ནི། རྩའི་ཡི་གེའི་ཕོ་བྲང་རྣམས་སུ་རླུང་སེམས་ཀྱི་འདུ་འཕྲོད་བྱས་པའོ། །གསང་བའི་རྟེན་འབྲེལ་ནི། འཇིག་རྟེན་ལས་འདས་པའི་ལམ་དུ་ཁམས་བདུད་རྩིའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་བཞི་མངོན་དུ་གྱུར་པའོ། །དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་ནི། ས་དང་པོ་ཡན་ཆད་ཀྱི་ཕྱི་རྟགས་ཐིག་ལེ་ལ་འཆར། ནང་རྟགས་རླུང་ལ་འཆར། དེ་ཁོ་ན་ཉིད་ཀྱི་རྟགས་ཡོན་ཏན་སེམས་ལ་འཆར་བའོ། །མཐར་ཐུག་གི་རྟེན་འབྲེལ་ནི། ས་བཅུ་གསུམ་པར་འགྲོས་བཞི་ཐིམ་པའོ། །དེ་ལྔ་ཡིས་ས་མཚམས་གཅོད་པའི་ཚུལ་ནི། རྟེན་འབྲེལ་དང་པོ་གཉིས་ཀྱིས་འཇིག་རྟེན་པའི་ལམ་གྱི་ས་མཚམས་གཅོད། ཕྱི་མ་གསུམ་གྱིས་འདས་པའི་ལམ་གྱི་ས་མཚམས་གཅོད་པའོ། །ཡང་ན་ཕྱིའི་རྟེན་འབྲེལ་ཚོགས་ལམ། ནང་གི་རྟེན་འབྲེལ་སྦྱོར་ལམ། གསང་བའི་རྟེན་འབྲེལ་མཐོང་ལམ། དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་སྒོམ་ལམ། མཐར་ཐུག་གི་རྟེན་འབྲེལ་མི་སློབ་ལམ་མོ། ། |
Domain | ཆོས་ལུགས། |
{{#arraymap:རྟེན་འབྲེལ་ལྔར་བསྟན་པའི་ལམ་གྱི་རྟེན་འབྲེལ་ལྔ་
|; |@@@ | | }}