79252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་འབྲེལ་སེམས་ཅན་དུ་སྟོན་པ་ (1)
Part of speech མིང་ཚིག
Definition རྟེན་ཅིང་འབྲེལ་བར་བྱུང་བའི་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་སུ་སྟོན་པ་དང་དེ་ཡང་ཆ་གསུམ་དུ་ཕྱེ་བ་སྟེ། མ་རིག་པ་དང་། འདུ་བྱེད་རྣམས་སྔོན་གྱི་མཐའ་དང་། སྐྱེ་བ་དང་། རྒ་ཤི་ཕྱི་མའི་མཐའ་དང་། རྣམ་པར་ཤེས་པ་ནས་སྲིད་པའི་བར་གྱི་བརྒྱད་བར་གྱི་ཆའོ། །ཆ་གསུམ་དུ་ཕྱེ་བའི་དགོས་པ་ནི། མཛོད་ལས། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་པའི་ཕྱིར་རོ། །ཞེས་པ་སྟེ། དེ་ལ་སྔོན་གྱི་མཐའ་ལ་རྨོངས་པ་ལ་ནི་འདི་ཇི་ལྟར་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ། འོན་ཏེ་བྱུང་བར་མ་གྱུར་བདག་ཅི་ཞིག་ཏུ་ནི་བྱུང་བར་གྱུར། བདག་ཇི་ལྟར་ན་ནི་བྱུང་བར་གྱུར་སྙམ་པའི་ཐེ་ཚོམ་འདི་སྐྱེའོ། །ཕྱི་མའི་མཐའ་ལ་རྨོངས་པ་ལ་ནི་འདི་ལྟར་ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་སྙམ་པ་རྒྱས་པར་ཐེ་ཚོམ་འདི་སྐྱེའོ། །བར་དུ་རྨོངས་པ་ལ་ནི་འདི་ལྟར་ཅི་ཞིག་ཡིན། འདི་ཇི་ལྟར་ཡིན། ཡོད་པ་ནི་ཅི་ཞིག་ཡིན། འགྱུར་བ་ནི་ཅི་ཞིག་ཡིན་སྙམ་པའི་ཐེ་ཚོམ་འདི་སྐྱེའོ། །དེ་ལྟར་ན་རྨོངས་པ་རྣམ་པ་གསུམ་པོ་འདི་བཟློག་པའི་ཕྱིར་རོ། །གཞན་དག་ན་རེ། ཕྱི་མའི་མཐའ་ལ་རྨོངས་པ་བཟློག་པའི་ཕྱིར་སྲེད་པ་དང་། ལེན་པ་དང་། སྲིད་པ་དག་ཀྱང་བསྟན་ཏེ། འདི་དག་ནི་དེ་ཁོ་ནའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །
Domain ཆོས་ལུགས།

{{#arraymap:རྟེན་འབྲེལ་སེམས་ཅན་དུ་སྟོན་པ་

|; |@@@ | | }}