79253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་འབྲེལ་སྙིང་པོའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། རྟེན་འབྲེལ་སྙིང་པོའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་གསུམ་པ་ཡིན། བརྗོད་བྱ་ནི། ཁྲིད་བརྒྱའི་བརྒྱུད་འདེབས་ལས། བླ་མའི་རྣལ་འབྱོར་གསོལ་འདེབས་ཉམས་ལེན་གྱིས། །དམིགས་ཡུལ་བདུན་ལ་བྱམས་དང་སྙིང་རྗེའི་བློ། །བཅོས་མིན་རྒྱུད་ལ་སྐྱེ་ཞིང་ཅིར་སྣང་ཀུན། །རྟེན་འབྲེལ་སྒྱུ་འདྲར་འཆར་བར་བྱིན་གྱིས་རློབས། །ཞེས་བྱུང་བ་ལྟར་རྟེན་འབྲེལ་སྙིང་པོའི་ཉམས་ལེན་སྒོམ་གྱི་རིམ་པ་བསྡུས་དེ་བསྟན་པའོ། །བརྒྱུད་རིམ་ནི། ཐུབ་ཆེན་བྱམས་མགོན་གསེར་གླིང་ཇོ་བོ་རྗེ། །འབྲོམ་སྟོན་རིན་ཆེན་གསལ་དང་ལྕགས་རི་བ། །ཆོས་ཀྱི་གཡུང་དྲུང་སྙིཔུ་གྱེར་སྒོམ་བ། །རྒྱ་སྒོམ་རི་པ་བྲག་རོམ་ཉན་ཆེན་པ། །ཤེས་རབ་འབུམ་པ་རྒྱལ་སྲས་ཐོགས་མེད་བཟང་། །འགྲོ་མགོན་དཔལ་ཡེ་བཀའ་བཞི་དཔལ་ལྡན་བཟང་། །བསམ་འཕེལ་ཡོན་དཔལ་ཀུན་དགའ་མཆོག་གྲུབ་ཞབས། །སོགས། ཞེས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་ལ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མུས་ཆེན་རྒྱལ་མཚན་དཔལ་བཟང་གི་ཁྲིད་ཡིག་ལས་བཏུས་ནས་བྲིས་པའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:རྟེན་འབྲེལ་སྙིང་པོའི་ཁྲིད་

|; |@@@ | | }}