79271
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། རྟགས་དང་མཚན་མའི་སྟོབས་ཀྱིས་ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ཏེ། ཕ་རོལ་སེམས་ཤེས་དངོས་ནི་མིན་ལ། དེ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་དོ། །དཔེར་ན་མཚན་ལྟས་རྣམས་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་ལྟ་བུ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཕ་རོལ་སེམས་ཤེས་ཀྱང་སྒོམ་བྱུང་ཡིན་ལ་དེ་རྗེས་མཐུན་པ་ལ་ནི་སྐྱེས་ཐོབ་དང༌། ལས་དང༌། རིག་སྔགས་དང༌། རྟོག་གེས་བྱས་པ་རྣམས་ཡོད་ཀྱི། སྨན་ལས་བྱུང་བ་ནི་མེད་ཞིང༌། ཞེས་དང་། མཛོད་རྩ་བ་ལས། སེམས་ཤེས་དེ་ནི་རྣམ་གསུམ་གང་། །རྟོག་དང་རིག་སྔགས་ཀྱིས་བྱས་པའང་། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:རྟོག་གེ་བའི་ཕ་རོལ་སེམས་ཤེས་
|; |@@@ | | }}