79287
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། །ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག ། དེ་དག་ཡིད་ཀྱི་ཤེས་རབ་གཡེང་། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཅེས་གསུངས། དེ་རྣམས་ལ་རྟོག་དཔྱོད་དང་བཅས་མ་བཅས་ཀྱི་ཁྱད་པར་ཡོད་དེ། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་མན་ཆད་ཀྱི་རྣམ་པར་ཤེས་པའི་ཁམས་དང་པོ་ལྔ་ནི་རྟོག་དཔྱོད་གཉིས་ཀ་དང་བཅས་པ་དང་། ཁམས་ཐ་མ་ཆོས་ཀྱི་ཁམས་དང་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ལ་རྟོག་བཅས་དཔྱོད་བཅས་དང་རྟོག་མེད་དཔྱོད་མེད་གསུམ་ཀ་ཡོད་པ་དང་། ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་བེམ་པོ་ཡིན་པས་རྟོག་དཔྱོད་གཉིས་ཀ་སྤངས་པའི་ཕྱིར། རྟོག་དཔྱོད་དང་བཅས་མ་བཅས་ཀྱི་དོན་ཡོད་དེ། དེ་དག་གྲོགས་སུ་ཡོད་མེད་ཀྱི་དབང་གིས་བཞག་པའི་ཕྱིར། དེ་ལྟར་ཡང་རང་འགྲེལ་ལས། འདི་དག་ནི་རྟག་ཏུ་རྟོག་པ་དང་དཔྱོད་པ་དག་དང་མཚུངས་པར་ལྡན་པ་ཡིན་ཏེ། འདི་ལྟར་ཁ་ཕྱི་རོལ་དུ་བལྟས་པའི་ཕྱིར་རྩིང་བ་ཡིན་ནོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའི་དོན་ཏོ། །ཞེས་གསུངས་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:རྟོག་དཔྱོད་དང་བཅས་མ་བཅས་
|; |@@@ | | }}