79310

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་པ་ཕན་ཚུན་བརྟེན་པར་ཐལ་བ་ (1)
Part of speech མིང་ཚིག
Definition རྟོག་པ་རྣམས་ཀྱིས་ཆོས་གང་ཞིག་རྟོགས་པའི་ཚེ། གཞི་དེ་རྟོགས་པ་ལ་དེ་མ་ཡིན་པར་རྟོགས་པ་ལ་རག་ལས་པའམ་བརྟེན་དགོས་པར་ཐལ་བ་དང། དེ་མ་ཡིན་པར་རྟོགས་པ་ལ་ཡང་དེ་རྟོགས་པ་ལ་བརྟེན་དགོས་པར་ཐལ་བ་ལ་ཟེར། དེས་ན་རྟོག་པས་ཡུལ་རྟོགས་སྐབས་པའི་མི་སྲིད་པར་འགྱུར་འགྲོ་བར་བཤད། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། སྤྱོད་པ་པའི་སྟོན་པ་གཞོན་ནུ་མ་ལེན་གྱིས་ཤིང་དང་ཤིང་མིན་རྟོག་པ་ཕན་ཚུན་བརྟེན་པར་ཐལ། ཤིང་འཛིན་རྟོག་པས་ཤིང་མིན་པ་ལས་ལོག་པ་ཡུལ་དུ་བྱས་པའི་སྒོ་ནས་ཤིང་འཛིན་པའི་ཕྱིར། འདོད་ན། ཤིང་དང་ཤིང་མིན་གང་རུང་གཅིག་སྔར་ཤེས་པ་མེད་པར་ཐལ་བ་དང། འདོད་ན། ཤིང་དང་ཤིང་མིན་ཤེས་པ་མི་སྲིད་པར་ཐལ། འདོད་པ་གང་ཞིག དེ་གཉིས་དུས་མཉམ་དུ་ཤེས་པ་མེད་པའི་ཕྱིར། འདོད་ན། ཤིང་གི་གཞན་སེལ་བརྡའི་ཡུལ་མ་ཡིན་པར་ཐལ་ལོ། ཞེས་སྨྲ་བའི་ཕྱིར།
Domain ཚད་མ།

{{#arraymap:རྟོག་པ་ཕན་ཚུན་བརྟེན་པར་ཐལ་བ་

|; |@@@ | | }}