7932
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རིར་གནས་པའི་ལུག་དང་འདྲ་བའི་རི་དྭགས་རིགས་ཤིག་སྟེ། ཆེ་ཆུང་ཕལ་ཆེར་ཁྭ་ཤ་ཙམ་ལ་མཇིང་པ་དང་སུག་བཞི་ཅུང་ཟད་སྦོམ་ཞིང་ཐུང་བ་དང༌། རྣ་བ་གཉིས་ཆུང་བའི་ནང་སྤུ་དཀར་བ་དང༌། མཇུག་མ་ཁམ་ནག་ཐུང་བའི་ནང་ངོས་ཀྱང་དཀར་པོ་ཡིན། ལུས་སྤྱིའི་སྤུ་མདོག་ནག་སྐྱ་ལ་གྲ་ཅུང་རྩུབ་ཅིང་མདོག་སྔོ་སྐྱ་འདྲ་བ་ཡོད། མ་མགལ་དང་འགྲམ་པ་གཡས་གཡོན་གཉིས། ཨོལ་མ་བཅས་ཀྱི་མདོག་ཁམ་དཀར་དང་སུག་བཞིའི་རྨིག་མཚམས་སུ་ནག་ཐིག་ལྡན་པ། སྤྱིར་བཏང་རི་དྭགས་ཀྱི་རིགས་ཕལ་ཆེ་བ་གཟུགས་ཆེ་ཆུང་ཙམ་མ་གཏོགས་དབྱིབས་ཕལ་ཆེར་འདྲ་བ་དང༌། རྭ་ཁམ་སྐྱ་རིང་བའི་དབྱིབས་རའི་རྭ་འདྲ་བ་ལ་དེ་ལས་སྦོམ་ཞིང་རིང་བར་གཉེར་མ་རྩུབ་ཅིང་ཞིབ་པ་ཡོད་ལ། མོའི་རྭ་ཕོ་རྭ་ལས་ཕྲ་ལ་དྲང་བ་ཡོད། འོན་ཀྱང་སོ་སོའི་ས་ཁྱད་དབང་གིས་སྤུའི་མདོག་དང༌། འཇམ་རྩུབ་ལ་སོགས་པར་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་གཟར་ཞིང་མཐོ་བའི་གཡའ་རི་དང༌། ལུང་བའི་ཕུའི་རྩྭ་ཆུ་བཟང་ཞིང་རྒྱ་ཆེ་བའི་ཐང་སོགས་གནས་ས་ངེས་ཅན་ཞིག་མེད་ཀྱང་ནགས་ཁུང་དུ་མི་སྡོད། རྟག་ཏུ་བཅུ་ཕྲག་ཁ་ཤས་ཙམ་མཉམ་དུ་ཁྱུ་བྱས་ནས་ལྷན་ཅིག་ཏུ་རྒྱུ་བ་ཡིན་ལ་བྲག་ལོགས་དང་རི་རྩེར་འཛེགས་པར་དགའ་ཞིང་བང་རྩལ་ཤིན་ཏུ་མགྱོགས། ཟས་སུ་རྩྭ་ལྡུམ་སྣ་ཚོགས་དང་ཤིང་ཕྲན་གྱི་ཡལ་ག་དང་ལོ་མ་ཡང་ཟ་ཞིང་ཟས་འཚོལ་བའི་དུས་ངེས་ཅན་མེད། ལོ་རེར་ཟླ་བ་དྲུག་པའི་ནང་ཕྲུ་གུ་གཅིག་བཙའ་བ་དང་རེ་འགར་ཉིས་བཙའ་བའང་ཡོད་དོ། ། |
Keyword | True |
{{#arraymap:གནའ་བ་
|; |@@@ | | }}