79330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་པ་ལོག་ཤེས་ཀྱི་འཁྲུལ་རྒྱུ་ (1)
Part of speech མིང་ཚིག
Definition རྟོག་པ་ལོག་ཤེས་ཀྱི་འཁྲུལ་རྒྱུ་ནི་གཉིས་ཏེ། ནང་ན་ཡོད་པ་དང་། ཕྱི་རོལ་ན་ཡོད་པའོ། །དང་པོ་ནི། ཐོག་མ་མེད་པའི་དུས་ཅན་གྱི་རྟག་འཛིན་གྱི་བག་ཆགས་སོ། །གཉིས་པ་ལ་ཡང་གཉིས་ཏེ། འདྲ་བ་གཞན་འབྱུང་དང་། ཡོད་པ་བར་མ་ཆད་དོ། །དང་པོ་ནི། དངོས་པོའི་སྐད་ཅིག་སྔ་ཕྱི་འདྲ་བར་བར་མ་ཆད་པར་འཇུག་པའོ། །གཉིས་པ་ནི། སྐད་ཅིག་སྔ་ཕྱི་བར་མ་ཆད་པ་ཙམ་མོ། །གལ་ཏེ་འདི་དག་རེ་རེས་ཀྱང་། རྟག་འཛིན་གྱི་བློ་སྐྱེད་པར་ནུས་པ་མ་ཡིན་ནམ། ཅིའི་ཕྱིར་གསུམ་སྨྲོས་པར་མཛད་ཅེ་ན། ནང་གི་རྟོག་འཛིན་གྱི་བག་ཆགས་མེད་ན། ཕྱིའི་འཁྲུལ་རྒྱུ་གཉིས་ཉེ་བར་གནས་ཀྱང། རྟག་འཛིན་གྱི་སེམས་མི་སྐྱེ་སྟེ། འཕགས་པ་བཞིན་ནོ། །འདྲ་བ་གཞན་འབྱུང་ཡང་དགོས་ཏེ། བློའི་ནུས་པ་གསལ་མི་གསལ་ཁྱད་པར་མེད་ཀྱང། སྔ་ཕྱི་རིགས་འདྲ་གཞན་དང་འབྲེལ་བའི་རི་ལ་སོགས་པ་ལ་རྟག་འཛིན་གྱི་བློ་སྐྱེ་ཡི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་མེད་པའི་ཕྱིར་མར་མེའི་སྐད་ཅིག་ཐ་མ་ལྟ་བུ་ལ་རྟག་འཛིན་གྱི་བློ་མི་འཇུག་པའི་ཕྱིར། འདྲ་བ་གཞན་འབྱུང་ཁོ་ནས་ཀྱང་སྐྱེ་བ་མིན་ཏེ། གློག་སྐད་ཅིག་སྔ་ཕྱི་ལྟ་བུ་ལ་འདྲ་བ་གཞན་འབྱུང་ཡོད་ཀྱང་ཡོད་པ་བར་མ་ཆད་ཁོ་ན་ཡང་མ་ཡིན་ཏེ། བུམ་པ་དང་གྱོ་མོ་ལ་ཡོད་པ་བར་མ་ཆད་ཡོད་ཀྱང་། འདྲ་བ་གཞན་འབྱུང་མེད་པས་རྟག་འཛིན་མེད་པའི་ཕྱིར་རོ། །དེས་ན་གསུམ་ཀ་སྨྲོས་པར་མཛད་པ་ཡིན་ཏེ། རྣམ་ངེས་ལས་འདིའི་རང་བཞིན་འདི་མཐོང་བཞིན་དུ་བློ་ཞེན་པ་ཡོད་པ་དམིགས་པས་རྟག་ཏུ་དེ་ལྟར་ཡོད་པར་དགོས་པས། སླུས་པའམ་འདྲ་བ་གཞན་འབྱུང་བས་སླུས་པས་མི་རྟོགས་སོ་ཞེས་གསུངས་པ་ལྟར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །
Domain ཚད་མ།

{{#arraymap:རྟོག་པ་ལོག་ཤེས་ཀྱི་འཁྲུལ་རྒྱུ་

|; |@@@ | | }}