79333
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། གསུང་རབ་རྣམས་ལས་རྟོག་པའི་སྒྲས་བསྟན་པ་དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང༌། སེམས་རྩིང་བའི་རྣམ་པ་ཅན་གྱི་རྟོག་པ་དང༌། ཡང་དག་པའི་རྟོག་པ་དང༌། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་རྣམས་སུ་ཡོད་པ་ལས། དང་པོ་ནི། ཁམས་གསུམ་གྱིས་བསྡུས་པའི་ཟག་པ་དང་བཅས་པའི་སེམས་བྱུང་ལྟ་བུ་ལ་བྱ་སྟེ། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སེམས་པ་དང་ཤེས་རབ་ཀྱི་ཆར་གྱུར་པའི་སེམས་ཡུལ་ལ་རྩིང་བའི་རྣམ་པས་འཇུག་པའི་སེམས་བྱུང་ལྟ་བུ་ལ་བྱ་སྟེ། མངོན་པ་ཀུན་བཏུས་ལས། རྟོག་པ་གང་ཞེ་ན། སེམས་པ་དང་ཤེས་རབ་ཀྱི་ཆར་གྱུར་པའི་ཀུན་ཏུ་རྟོག་པ་ཚོལ་བ་ཡིད་ཀྱི་བརྗོད་པ་སྟེ། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་རྟོག་པ་ལྟ་བུ། བཞི་པ་ནི། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །ཞེས་སོགས་གསུངས་པ་ལྟར་ཡིན། དང་པོ་གསུམ་པོ་དེ་རྟོག་པའི་སྒྲས་བསྟན་པ་ཙམ་ཡིན་གྱི་རྟོག་པ་མཚན་ཉིད་པ་མ་ཡིན་ཏེ། འདོད་པའི་སས་བསྡུས་ཀྱི་དབང་ཤེས་རྣམས་དང་པོ་ཡིན་ཅིང༌། རང་ཡུལ་ལ་རྩིང་བའི་རྣམ་པས་འཇུག་པའི་དབང་ཤེས་ཡོད་པའི་ཕྱིར། དེས་ན་བཞི་པ་དེ་རྟོག་པ་མཚན་ཉིད་པ་ཡིན་ཅིང་འདིར་བསྟན་རྟོག་པ་ཡང་དེ་ཉིད་ལ་བྱ་བ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:རྟོག་པ་སྤྱིའི་རྣམ་གཞག་
|; |@@@ | | }}