79357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོག་མེད་འཁྲུལ་པའི་སྣང་བ་ (1)
Part of speech མིང་ཚིག
Definition རྟོག་མེད་འཁྲུལ་པའི་སྣང་བའི་མཚན་ཉིད་ནི། རང་མཚན་མེད་པ་མཐོང་བའོ། །དབྱེ་བ་ལ། དབང་ཤེས་འཁྲུལ་པ་དང་། ཡིད་ཤེས་བསླད་པ་གཉིས་སོ། །དེའང་རྣམ་ངེས་ལས། ཉེ་བར་བསླད་པ་སླུ་བའི་ཕྱིར། །མངོན་སུམ་ལྟར་སྣང་ཞེས་གསུངས་པ་ལྟར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། རྟོག་མེད་འཁྲུལ་པའི་སྣང་བའི་མཚན་ཉིད་ནི། རང་མཚན་མེད་པ་གསལ་བར་སྣང་བའི་བཟུང་རྣམ། དབྱེ་བ་ལ། དབང་ཤེས་འཁྲུལ་པའི་སྣང་བ་དང་། ཡིད་ཤེས་འཁྲུལ་པའི་སྣང་བ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:རྟོག་མེད་འཁྲུལ་པའི་སྣང་བ་

|; |@@@ | | }}