79372
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། དོན་དམ་དངོས་ནི། ཆོས་ཐམས་ཅད་ཀྱི་གནས་ཚུལ་ལ་འཇིག་རྟེན་པའི་ཤེས་པ་དང་ངག་གི་ཐ་སྙད་ཀྱི་ཡུལ་ལས་འདས་པ་སྟེ། བདེན་གཉིས་ལས། ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ཡི་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མེད་མིན། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །ཞེས་གསུངས་སོ། །ངག་གིས་ཇི་ལྟར་གནས་པ་བཞིན་བརྗོད་པར་མི་ནུས་པས་ན་འཇམ་དཔལ་གྱིས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་དེ་ཁོ་ན་ཉིད་ཀྱི་དོན་དྲིས་པའི་ཚེ། ཅི་ཡང་མི་གསུངས་པར་བཞུགས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་མ་རིགས་ཚོགས་ཀྱི་དཀའ་གནད་ལས་གསུངས་སོ། ། དོན་དམ་པའི་བདེན་པ་ནི་འཕགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་མྱང་བར་བྱ་བ་ཡིན་གྱི། གཉིས་སྣང་དང་བཅས་ན་རྣམ་མཁྱེན་གྱི་བར་གྱི་ཡུལ་ཡང་དོན་དམ་བདེན་པ་མ་ཡིན་ནོ། །དེ་ལྟར་ན་རྟོགས་པ་དོན་དམ་ནི་མཚན་ཉིད་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། དོན་དམ་མཚན་ཉིད་པ་ནི། སོ་སོའི་སྐྱེ་བོའི་གནས་སྐབས་སུ། མཐའ་བཞིའི་སྤྲོས་པ་རེས་འཇོག་ཏུ་བཀག་ནས་བསྒོམས་པས། ཐེག་ཆེན་གྱི་མཐོང་ལམ་སྐྱེས་པའི་ཚེ། མཐའ་བཞིའི་སྤྲོས་པ་གཅིག་ཆར་དུ་འགགས་ནས་རྟོགས་བྱའི་ཆོས་ཉིད་དང་རྟོགས་བྱེད་ཀྱི་བློ་གཉིས་སོ་སོར་མི་སྣང་བར། བློ་དེ་ཉིད་སྤྲོས་བྲལ་དང་དབྱེར་མེད་པར་མངོན་དུ་གྱུར་པའི་ཡུལ་དེ་ཉིད་ལ། དོན་དམ་བདེན་པ་ཞེས་པའི་ཐ་སྙད་བཏགས་པ་ཡིན་གྱི། དེེའི་ཚེ་ཡང་དོན་དམ་བདེན་པ་འདིའོ་ཞེས་ཅུང་ཟད་ཀྱང་བཟུང་བར་བྱ་བ་མེད་དོ། །འདི་ལ་དགོངས་ནས་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ལས། མ་མཐོང་བའི་ཚུལ་གྱིས་མཐོང། མ་གཟིགས་པའི་ཚུལ་གྱིས་གཟིགས་ཞེས་སོགས་མང་དུ་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་ལྟ་བའི་ཤན་འབྱེད་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྟོགས་པ་དོན་དམ་
|; |@@@ | | }}