79382
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྫོགས་ཆེན། རྙིང་མ། སངས་རྒྱས་གསུམ་གྱི་ཡ་གྱལ་ཞིག་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། སངས་རྒྱས་ལ་གསུམ་སྟེ། ཡེ་ཇི་བཞིན་པའི་སངས་རྒྱས་དང་། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་དང་། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་གསུམ་མོ། །ཞེས་དང་། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ལ་ཐོག་མ་དང་ཐ་མ་གཉིས་ཀ་མེད་དོ། །རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ལ་ཐོག་མ་བར་མེད་ཐ་མ་ཡོད་དོ། །ཞེས་གསུངས། རྒྱས་པར་སངས་རྒྱས་གསུམ་གྱི་སྐབས་སུ་གཟིགས། |
Domain | ཆོས་ལུགས། |
{{#arraymap:རྟོགས་པ་མངོན་གྱུར་གྱི་སངས་རྒྱས་
|; |@@@ | | }}