79387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་པ་ལམ་གྱི་གཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྟོགས་པ་ལམ་གྱི་གཞི་ནི། གཞི་གཉིས་ཀྱི་ཡ་གྱལ་ཏེ། འདི་ལ་གནས་ལུགས་དང་སྣང་ལུགས་གཉིས་སུ་གསུང་བ་ལས། དང་པོ་ལ་ནི། དོན་འགྲུབ་པ་རྣལ་འབྱོར་ལམ་གྱི་གཞི་ཞེས་ཀྱང་གསུང་སྟེ། ཡིད་ཀྱི་མུན་སེལ་ལས། གཉིས་པ་རྟོགས་པ་ལམ་གྱི་གཞི་ལ་གསུམ་སྟེ། གནས་ལུགས། སྣང་ལུགས། དབྱེ་བའོ། །དང་པོ་ནི། གནས་ལུགས་ཀྱི་གཞི་དེ་ཉིད་བློས་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། (སྒྱུ་འཕྲུལ་)རྡོ་རྗེ་ལས། རང་བཞིན་གནས་པའི་གཞི་དེ་ནི། །རྟོགས་པ་རྣལ་འབྱོར་ལམ་གྱི་གཞི། །ཞེས་སོ། །དེའང་མ་རྟོགས་ན་གཞི་དེས་ཀུན་ལ་ཁྱབ་ཀྱང་གཤིས་སུ་གནས་པ་ཙམ་ལས་དོན་བྱེད་མི་ནུས་ཏེ། ཐ་མལ་པའི་སེམས་ཅན་ལ་གནས་པ་བཞིན་ནོ། །དེ་ཉིད་རྟོགས་པ་ལས་ལམ་བསྒོམ་པའི་གཞི་བྱེད་པས་དོན་འགྲུབ་པ་རྣལ་འབྱོར་པའི་ལམ་གྱི་གཞི་ཞེས་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྟོགས་པ་ལམ་གྱི་གཞི་

|; |@@@ | | }}