79392
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། སངས་རྒྱས་ཀྱི་རྟོགས་པའི་བསྟན་པ་སྟེ། དེ་ནི་ལྷག་པའི་བསླབ་པ་གསུམ་དུ་འདུས་ཏེ། མཆིམས་མཛོད་ལས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་ནི་རྣམ་པ་གཉིས་ཏེ། ལུང་གི་ཆོས་དང༌། མངོན་པར་རྟོགས་པའི་ཆོས་ཀྱི་བདག་ཉིད་དོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ཞེས་སོགས་ཀྱིས་བཤད་པ་ཡོངས་སུ་རྫོགས་པའི་སྒོ་ནས་མཇུག་བསྡུ་བ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི། ལུང་གི་བསྟན་པ་སྡེ་སྣོད་གསུམ་དང༌། རྟོགས་པའི་བསྟན་པ་ལྷག་པའི་བསླབ་པ་གསུམ་དུ་འདུ་ལ། ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། སངས་རྒྱས་ཀྱི་རྟོགས་པའི་བསྟན་པ་དང་། རྟོགས་པའི་དམ་ཆོས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྟོགས་པའི་དམ་ཆོས་
|; |@@@ | | }}