79395

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་པའི་བསྟན་པ་ནུབ་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སེར་སྨད་རྒྱལ་དབང་མཛོད་ལས། ནུབ་པའི་ཚུལ་ཇི་ལྟར་ཞེ་ན། རྟོགས་པའི་བསྟན་པ་ནི། ཁ་སྐོང་གི་ཆོས་དང་ལྡན་པའི་མཁན་སློབ་དགེ་འདུན་མཚན་ཉིད་ཚང་བས་གསོལ་བཞིའི་ལས་ཀྱི་ཆོ་ག་རྫོགས་པར་བྱས་ཀྱང༌། ཡན་ལག་གཞན་ཚང་གི་བསྒྲུབ་བྱ་མཚན་ཉིད་དང་ལྡན་པ་ལ། དུས་ཀྱི་ཆོས་ཉིད་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་གསར་དུ་སྐྱེ་བའི་འཕྲོ་ཆད་པ་ན། འཇིག་རྟེན་དུ་རྟོགས་པའི་བསྟན་པ་ནུབ་པར་འཇོག་དགོས་པར་འདུལ་བ་ལུང་ལས་གསུངས་ཤིང༌། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྟོགས་པའི་བསྟན་པ་ནུབ་པ་

|; |@@@ | | }}