79401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་པའི་ཡོན་ཏན་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་ཀྱི་ལྟ་བ་རྟོགས་པས་ངན་སོང་གི་གནས་ཀྱང་སངས་རྒྱས་ཀྱི་ཞིང་དུ་མཐོང་བ་དང་། ཉོན་མོངས་པ་ཅི་སྤྱད་ཀྱང་མི་འཆིང་བ་དང་། འཁོར་བར་མི་ལྡོག་ཅིང་སངས་རྒྱས་ཐོབ་པའི་ཡོན་ཏན་བཅས་གསུམ་སྟེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། རྟོགས་པའི་ཡོན་ཏན་ལ་གསུམ་སྟེ། ངན་སོང་གི་གནས་ཀྱང་སངས་རྒྱས་ཀྱི་ཞིང་དུ་མཐོང་བའི་ཡོན་ཏན་ནི། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པས་ན། །ངན་སོང་གནས་ཀྱང་བདེ་གཤེགས་ཞིང་དུ་མཐོང་། །ཞེས་སོ། །ཉོན་མོངས་པ་ཅི་སྤྱད་ཀྱང་མི་འཆིང་བ་ནི། འདི་ཉིད་ཀྱི་བཅུ་དགུ་པ་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཅི་སྤྱད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །འཁོར་བར་མི་ལྡོག་ཅིང་སངས་རྒྱས་ཐོབ་པའི་ཡོན་ཏན་ནི། རྒྱས་པ་ལས། དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོ་དོན་རྟོགས་མཐར་མི་སྟོང་། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།