79421

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༣༥༦ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། སྔོན་གྱི་བག་ཆགས་སད་སྟོབས་ཀྱིས་གཞོན་དུས་ནས་ཟླ་བ་སྒྲོན་མེའི་མདོ་རྒྱུན་དུ་ཞལ་འདོན་མཛད། བསྟན་བཅོས་མང་པོ་ཐུགས་འཛིན་མཛད། བཅོ་བརྒྱད་པར་དབུས་སུ་བྱོན་ཏེ་བླ་མ་ཞོ་ལུང་མཚོ་ཁ་པ་དང་། སྟག་ལུང་ལོ་ཙཱ་བ། སློབ་དཔོན་དཀོན་མཆོག་སེང་གེ། བྲག་ཆབ་མཁན་པོ་དགེ་འདུན་སོགས་ལས་མདོ་རྒྱུད་ཀྱི་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས། ལྷག་ཏུ་རྗེ་ཙོང་ཁ་པ་ཡོངས་འཛིན་དུ་བསྟེན། མདོ་སྔགས་ཀྱི་ལམ་གནད་བསྡུས་པའི་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གསན། སྤྲུལ་པའི་གླེགས་བམ་དང་བཅས་པ་གནང་། སྤང་ས་མཁན་པོས་གདན་དྲངས་པ་ལྟར་བྱོན། དབེན་གནས་སེ་བ་རོང་གི་གཟིམས་ཁང་དུ་སྒོམ་སྒྲུབ་ལ་གཞོལ། མངོན་རྟོགས་ཀྱི་་ཡོན་ཏན་མངའ་བརྙེས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས། དོན་གསུམ་པ་རབ་བྱུང་བདུན་པའི་ས་སྤྲེལ་ཕྱི་ལོ་ ༡༤༢༨ ལོར་དབེན་གནས་སེ་བ་རོང་དུ་སྐུ་གཤེགས། དགེ་ལྡན་སྙན་བརྒྱུད་ཀྱི་གདམས་ངག་ནི་བ་སོ་ཆོས་ཀྱི་རྒྱལ་མཚན་ཁོ་ན་ལ་ལྐོག་ཆོས་སུ་གནང་།