79423

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་ལྡན་རྒྱུད་དོན་ལ་མི་འཇུག་པའི་གེགས་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྟོགས་ལྡན་རྒྱུད་དོན་ལ་མི་འཇུག་པའི་གེགས་བཞི་ནི། ཡིད་ཀྱི་མུན་སེལ་ལས། རྒྱུད་འདི་ལ་དགོས་པ་ཅན་གྱི་བརྗོད་བྱ་མེད་དམ། ཉིང་དགོས་དང་ལྡན་པའི་དགོས་པ་མེད་དམ། དོན་དུ་གཉེར་བྱའི་ཉིང་དགོས་མེད་དམ། ཐབས་དང་ཐབས་ཅན་མ་འབྲེལ་ལམ་སྙམ་པ་སྟེ། རྟོགས་ལྡན་རྒྱུད་དོན་ལ་མི་འཇུག་པའི་གེགས་བཞི་སེལ་བ་ལ། དགོས་པ་ཅན་གྱི་བརྗོད་བྱ་དང་། ཉིང་དགོས་དང་ལྡན་པའི་དགོས་པ་དང་། དོན་དུ་བླང་བྱའི་ཉིང་དགོས་དང་། ཐབས་དང་ཐབས་བྱུང་གི་འབྲེལ་བ་རྣམས་བསྟན་ཏོ། །ཞེས་གསུངས་སོ། །
Domain ཆོས་ལུགས།