79433

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོན་པ་བཞི་ (1)
Part of speech མིང་ཚིག
Definition མདོ། རྒྱལ་བའི་དགོངས་པ་ཟབ་མོའི་ལྟ་བ་གཏན་ལ་ཕབ་པའི་སྐབས་སུ་གཙོ་བོར་ལྟོས་པ་བཞི་སྟེ། ཚིག་དོན་གཉིས་ལས་དོན་དང་། ཆོས་དང་གང་ཟག་གཉིས་ལས་ཆོས་དང་། རྣམ་ཤེས་ཡེ་ཤེས་གཉིས་ལས་ཡེ་ཤེས་དང་། དྲང་ངེས་གཉིས་ལས་ངེས་དོན་ལ་རྟོན་པར་བྱ་བ་བཅས་ཏེ། ས་བཟང་མ་ཏི་པཎ་ཆེན་གྱི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། རྟོན་པ་བཞིར་དབྱེ་བ་ནི། གཙུག་ལག་བསྟན་པའི་ཆོས་དང་ནི། །དེ་དོན་དགོངས་པ་ཅན་དག་དང་། །ངེས་དོན་ཚད་མར་ལྡན་པ་དང་། །དེ་ཡི་བརྗོད་མེད་ཐོབ་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པ་གཙུག་ལག་ལས་བསྟན་པའི་ཆོས་ལ་རྟོན་པར་བྱ་ཡི་གང་ཟག་ལ་རྟོན་པར་མི་བྱ་བ་དང་ནི། ཆོས་དེའི་ཡང་དོན་དགོངས་པ་ཟབ་མོ་ཅན་དག་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་རྟོན་པར་མི་བྱ་བ་དང་། དོན་ཡང་རྟོན་པ་ཚད་མར་གྱུར་པས་ངེས་དོན་དུ་གསུངས་ཤིང་དེས་ཚད་མར་མཛད་པའི་སྡུད་པ་པོ་རྣམས་ཀྱིས་ཀྱང་ངེས་པར་བྱས་པ་ཚད་མ་དང་ལྡན་པ་ལ་རྟོན་པར་བྱ་ཡི་དྲང་བའི་དོན་ལ་རྟོན་པར་མི་བྱ་བ་དང་། ངེས་དོན་དེ་ཤེས་པའི་བློ་ཡང་བརྗོད་དུ་མེད་ཅིང་སོ་སོར་རང་གིས་རིག་པར་བྱ་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པ་ལ་རྟོན་པར་བྱ་ཡི་རྟོག་པ་དང་བཅས་པ་རྣམ་ཤེས་ལ་རྟོན་པར་མི་བྱའོ། །ཞེས་བྱུང་ངོ་། །
Domain ཆོས་ལུགས།