79434

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོན་པ་མེད་པ་ཉིད་ནི་མགོན་མེད་པར་རིག་པར་བྱ་བ་རྣམ་པ་དགུ་ (1)
Part of speech མིང་ཚིག
Definition འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། རྟག་ཏུ་དབུལ་ཏེ་མགོན་མེད་པ་ཉིད། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་མེ་འབར་ཏེ་མགོན་མེད་པ་ཉིད། སྲིད་པའི་བཙོན་རར་ཆུད་དེ་མགོན་མེད་པ་ཉིད། རྟག་ཏུ་རྒྱུན་མི་འཆད་པར་ཉོན་མོངས་པ་ཐིབས་པོས་མགོན་མེད་པ་ཉིད། ལྟ་བའི་མཐུ་མེད་དེ་མགོན་མེད་པ་ཉིད། དགེ་བའི་ཆོས་ལ་འདུན་པ་དང་བྲལ་ཏེ་མགོན་མེད་པ་ཉིད། སངས་རྒྱས་ཀྱི་ཆོས་ཆུད་ཟོས་ཏེ་མགོན་མེད་པ་ཉིད། འཁོར་བའི་རྒྱུན་གྱིས་བདས་ཏེ་མགོན་མེད་པ་ཉིད། ཐར་པའི་ཐབས་ཆུད་ཟོས་ཏེ་མགོན་མེད་པ་ཉིད་དོ། །
Domain ཆོས་ལུགས།