7945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ (1)
Part of speech མིང་ཚིག
Definition ས་ཆའམ་ཡུལ་ཁམས་ཏེ།
Example དགོན་པ་ཆགས་པའི་གནས། ས་གནས་ཁ་ཤས་སུ་ཕྱིན་ལྟ་བུ།
གནས་ (2)
Part of speech མིང་ཚིག
Definition སྡོད་སའམ་བཞུགས་ཡུལ་གྱི་མིང་སྟེ།
Example འཁོར་བའི་གནས། ཁྱིམ་པའི་གནས་སྤང་པ་ལས་ཉམས་པའི་ཉེས་བྱས་ལྟ་བུ།
གནས་ (3)
Part of speech མིང་ཚིག
Definition དགོན་སྡེ་དང་ལྷ་ཁང་སོགས་ཆོས་ལུགས་ཀྱི་རྟེན་ཡོད་སའི་མིང་སྟེ།
Example གནས་མཆོག་རྡོ་རྗེ་གདན་དུ་གནས་སྐོར་ལ་ཕྱིན་ལྟ་བུ།
གནས་ (4)
Part of speech མིང་ཚིག
Definition ཐགས་ཁྲིའི་ཆ་ཤས་ཤིག་གི་མིང་།
གནས་ (5)
Part of speech མིང་ཚིག
Definition དམིགས་པ་གཏད་སའི་ཡུལ་གྱི་དོན་ཏེ།
Example སྤོབས་པ་སྐྱེ་བའི་གནས། གད་མོ་འཆོར་བའི་གནས། ཐེ་ཚོམ་སྐྱེ་བའི་གནས་ལྟ་བུ།
གནས་ (6)
Part of speech མིང་ཚིག
Definition བྱ་དངོས་རྣམས་བྱུང་ནས་འཇིག་པའི་བར་མུ་མཐུད་དུ་དུས་དང་གོ་ས་བཟུང་ཡོད་པའི་དོན་ཏེ།
Example ཞི་བདེ་ཡུན་གནས། འཆམ་མཐུན་མཉམ་གནས་ལྟ་བུ།
གནས་ (7)
Part of speech མིང་ཚིག
Definition ཞག་ཤས་སམ་དུས་ཚོད་ཐུང་ངུར་གཡར་བའི་འདུག་གནས་ཀྱི་མིང་སྟེ།
Example ཉིན་ཞག་གཉིས་ལ་གནས་གཡར་ནས་བསྡད་ལྟ་བུ།
གནས་ (8)
Part of speech མིང་ཚིག
Definition འགྲོ་སྒོ་དང་རིན་ཐང་ཅི་ཙམ་སོང་བའི་དོན་ཏེ།
Example མར་རྒྱ་མ་གང་ལ་སྒོར་ཉི་ཤུ་གནས། ཅ་ལག་འདི་རྩ་ཆེན་ཡིན་པས་མ་རྩ་མང་པོ་གནས་ཡོད་ལྟ་བུ།
གནས་ (9)
Part of speech མིང་ཚིག
Definition སྐར་མ་ཆུ་ཚོད་ནས་ཆ་ཤས་བར་གྱི་གནས་རྣམས་ཏེ།
Example དབྱུ་གུའི་གནས། ཆ་ཤས་མང་ཉུང་དང་གནས་ལ་ངེས་པ་མེད་ཅེས་པ་ལྟ་བུ།
གནས་ (10)
Part of speech མིང་ཚིག
Definition དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་གི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།
གནས་ (11)
Part of speech མིང་ཚིག
Definition དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།
གནས་ (12)
Part of speech མིང་ཚིག
Definition ཡི་གེ་རྒྱུ་ལྔའི་ཡ་གྱལ་ཡིན། དེ་ལ་དབྱེ་ན། ཁོག་པ་དང་། མགྲིན་པ་དང་། རྐན་དང་། ལྕེ་དང་། སྣ་དང་། སྤྱི་བོ་དང་། སོ་དང་། མཆུ་བཅས་བརྒྱད་ཡོད།
Domain སྒྲ་རིག་པ།
གནས་ (11)
Part of speech མིང་ཚིག
Definition འདུལ་བའི་གཞུང་དུ་གནས་དང་གནས་པ་ཞེས་པའི་སྐབས་སུ་གནས་ཞེས་པ་སྐབས་ཐོབ་ཀྱིས་བསྟེན་བྱའི་གནས་ཀྱི་སློབ་དཔོན་ནམ་བླ་མའི་དོན་ལ་འཇུག
Domain ཆོས་ལུགས།
གནས་ (13)
Part of speech མིང་ཚིག
Definition གྲངས་གནས་ཀྱི་དོན་ཏེ། གཅིག་བཅུ་བརྒྱ་སྟོང་ཁྲི་སོགས།
Domain རྩིས་རིག
གནས་ (1)
Part of speech བྱ་ཚིག
Definition འཚོ་གནས་བྱེད་པའམ་སྡོད་པའི་དོན་ཏེ།
Example བདེ་བར་གནས་ཡོད་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།