7946
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། དང་པོ་སེངྒེའི་གདན། རྡོ་རྗེ་ཁུ་ཚུར་གཤིབས་ཏེ་སིཾ་ཧ་ཨཱ་ས་ནས་སེང་གེའི་གདན། གཉིས་པ་གཟིམ་ཆ། ཁུ་ཚུར་གཡས་གཡོན་དུ་ཕྱིར་བསྐྱེད་ལ་ཤ་ཡ་ནཱ་ས་ནས་གཟིམ་ཆ། གསུམ་པ་ཕོ་བྲང་ཟླུམ་པོ། གཡོན་ཁུ་ཚུར་སྙིང་ག་དང་གཡས་པའི་གུང་མཛུབ་གཉིས་ནམ་མཁར་ཟླུམ་པོར་བསྐོར་ཞིང་པ་རི་མཎྜ་ནྱེས་ཕོ་བྲང་ཟླུམ་པོ། བཞི་པ་ཕོ་བྲང་གྲུ་བཞི། ཕྱག་རྒྱ་དེ་ཉིད་ནམ་མཁར་གྲུ་བཞི་པར་བཅད་ལ་ཨ་མེ་ཡ་ཙ་ཏརྠ་པྲས་ཕོ་བྲང་གྲུ་བཞི། ལྔ་པ་ཁང་པ་གཉིས་བརྩེགས། ཕྱག་རྒྱ་དེ་ཉིད་གྲུ་བཞི་གཉིས་བརྩེགས་སུ་གཅོད་ཚུལ་གྱི་དྭི་ཀཱུ་ཊ་གྲཾ་གྱིས་ཁང་པ་གཉིས་བརྩེགས། དྲུག་པ་ཟླ་གདན། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ་མཛུབ་མོ་གཉིས་ཟླུམ་པོར་བྱས་སྟེ་ཙནྡྲ་ཨཱ་ས་ནས་ཟླ་གདན་ཏེ་གནས་ཀྱི་ཁྱད་པར་དྲུག་གོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |