79473

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡིབ་ (1)
Part of speech བྱ་ཚིག
Definition ཁང་ཀླད་སོགས་མར་ནང་ངོས་སུ་ལོག་པའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [བརྡིབ།, རྩིག་གདན་ལེགས་པོ་མེད་ན་ཁང་པ་བརྡིབ་སྲིད།]
Present [རྡིབ།, གྱང་ཧྲལ་རྡིབ་བཞིན་པའི་འཁྲིས་ལ་མ་ཉལ།]
Past [བརྡིབས།, ས་དོང་བརྡིབས་ནས་མི་ལ་ཤི་སྐྱོན་བྱུང་ལྟ་བུ།]
རྡིབ་ (2)
Part of speech བྱ་ཚིག
Definition སྣོད་བྱད་རིགས་ཀྱི་ཕྱི་ལོགས་སུ་ཀོང་བུ་ཆགས་ནས་ནང་ལ་འབུར་བྱུང་བའི་དོན།
Future [བརྡིབ།, ཕོར་བ་བརྡིབ་ན་ཐང་།]
Present [རྡིབ།, བྱིས་པ་ཚོས་ལྕགས་ཕོར་རྡིབ་ཀྱིན་འདུག།]
Past [བརྡིབས།, ལྕགས་རྫ་རྡོས་བརྡིབས་འདུག]
རྡིབ་ (3)
Part of speech བྱ་ཚིག
Definition ཚོང་ལས་སྐབས་ལམ་འགྲོ་མ་བྱུང་བར་མ་གནས་ལས་མར་ཆག་པའི་དོན།
Keyword True
Future [བརྡིབ།, ཡུལ་དུས་ཀྱི་རྩིས་ལེགས་པོ་མ་བྱུང་ན་ཚོང་བརྡིབ་ཉེན་ཡོད།]
Present [རྡིབ།, དེང་སང་གསེར་ཚོང་རྡིབ་བཞིན་པ།]
Past [བརྡིབས།, ཚོང་བརྡིབས་ན་ཡང་ཡིད་ཐང་མ་ཆད་ལྟ་བུ།]
རྡིབ་ (4)
Part of speech བྱ་ཚིག
Definition སྲོག་ཆགས་ཕྲ་མོའི་རིགས་མང་པོ་ཕྱོགས་གཅིག་ཏུ་འཚངས་པའི་དོན།
Future [བརྡིབ།, གཙང་སྦྲ་མ་བྱས་ན་ཤིག་བརྡིབ་ཡོང་།]
Present [རྡིབ།, ཤ་ལ་འབུ་རྡིབ་ཀྱིན་འདུག།]
Past [བརྡིབས།, ཤ་རུལ་ལ་འབུ་བརྡིབས་ནས་ཟ་མི་ལོ་བ་ཆགས་ལྟ་བུ།]