79489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ་ (1)
Part of speech མིང་ཚིག
Definition དངོས་རྫས་ཀྱི་རྡོག་པོ་ཕྲ་མོ།
Example ལྕགས་རྡུལ། ཆུ་རྡུལ། ས་རྡུལ། ཆ་སྒམ་གྱི་སྟེང་དུ་རྡུལ་ཆགས་འདུག། མདུན་ཅོག་སྟེང་གི་རྡུལ་རྣམས་ཕྱིས་ནས་གཙང་མ་བྱོས་ལྟ་བུ།
རྡུལ་ (2)
Part of speech མིང་ཚིག
Definition ཉེས་སྐྱོན།
Example ཉོན་མོངས་པའི་རྡུལ་གྱིས་མ་གོས་པ་ལྟ་བུ།
རྡུལ་ (3)
Part of speech མིང་ཚིག
Definition མེ་ཏོག་གི་ཟེའུ་འབྲུའི་ཐོག་གི་ཟེགས་མ་ལྟ་བུ་དེ་ལ་མེ་ཏོག་གི་རྡུལ་ཟེར།
རྡུལ་ (4)
Part of speech མིང་ཚིག
Definition ཟླ་མཚན་ཏེ། ཁྲག་གི་རྡུལ་གྱི་བདག་ཉིད་ཡིན་པས་ནའོ། །
Type མངོན་བརྗོད།