79505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡུལ་ཕྲ་རབ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ངེས་ཚིག རྡུལ་ཕྲ་བའི་རབ་བམ་མཐར་ཐུག་པ་ལ་བཤད་དེ། སེར་སྨད་རྒྱལ་དབང་མཛོད་ལས། རྡུལ་ཕྲ་རབ་ལ་ཡང་སྒྲས་བརྗོད་རིགས་སམ་དངོས་བཏགས་མ་ཕྱེ་ན་རྫས་རྡུལ་ཕྲ་རབ་དང་། བསགས་རྡུལ་ཕྲ་རབ་གཉིས་ཡོད་པའི་རྫས་རྡུལ་ཕྲ་རབ་ནི་ཆ་མེད་གཅིག་པུ་རེ་རེ་བ་ཡིན་པས་རྫས་གཞན་འདུས་པ་མེད་ལ། བསགས་རྡུལ་ཕྲ་རབ་གཅིག་ཉིད་ཀྱང་འདོད་པའི་དབང་དུ་བྱས་ན་ཉུང་མཐའ་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་སྐྱེ་བར་འདོད་དོ། །དེས་ན་ཆ་མེད་དུ་འདོད་པའི་རྡུལ་ཕྲ་རབ་ནི་རྫས་རྡུལ་ཕྲ་རབ་ཉིད་ལ་འདོད་དགོས་པར་མ་ཟད། སྤྱིར་བཏང་ལ་ཡང་རྡུལ་ཕྲ་རབ་ཅེས་པ་རྫས་རྡུལ་ཉིད་ལ་བསམ་དགོས་ཏེ། བསགས་རྡུལ་ཕྲ་རབ་ནི་རགས་པ་གཞན་ལ་ལྟོས་ནས་ཕྲ་རབ་ཏུ་བཏགས་པ་ལས་ཕྲ་རབ་དངོས་མིན་ཏེ། དེ་ལས་ཕྲ་བ་ཡོད་པའི་ཕྱིར་དང༌། རྡུལ་ཕྲ་རབ་ཅེས་པ་ཕྲ་བའི་རབ་ཀྱི་མཐར་ཐུག་པ་ལ་བྱེད་དགོས་པའི་ཕྱིར་རོ། །ཞེས་དང་། མཆིམས་མཛོད་ལས། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། རེག་ན་ནི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ཕན་ཚུན་འདྲེས་པར་འགྱུར་ལ། ཕྱོགས་རེས་རེག་ན་ཆ་བཅས་སུ་ཐལ་བའི་ཕྱིར་རོ་ཞེས་འདོད་དེ། ཕྱི་རོལ་དོན་གྲུབ་ལས། ཕན་ཚུན་བདག་ཉིད་མ་རེག་པར། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་བསགས་པར་གནས་པ་འདི་དག་གིས་རྡུལ་ཕྲ་རབ་རྣམས་མ་རེག་ན་ཞིག་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རླུང་གིས་བཟུང་བའི་ཕྱིར་དང༌། རྫས་ཀྱི་མཐུས་ཀྱང་འབྲེལ་བར་བྱེད་པའི་ཕྱིར་ཏེ། དེ་ཉིད་ལས། ཇི་ལྟར་སྔགས་ཀྱི་མཐུ་ཡིས་ནི། །འདྲེ་སྦྲུལ་ལ་སོགས་འཛིན་པ་བཞིན། །རྫས་ཀྱི་མཐུ་ཡིས་ཕན་ཚུན་དུ། །འཛིན་པ་ལུ་གུ་རྒྱུད་བཞིན་དུ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས། དོན་གཅིག་ལ། རྡུལ་ཕྲ་རབ། རྫས་རྡུལ་ཕྲ་རབ། རྫས་རྡུལ། རྡུལ་རྫས། ཆ་མེད་ཀྱི་རྡུལ། གཟུགས་ཀྱི་ཆུང་མཐའ་རྣམས་སོ། །
Domain ཆོས་ལུགས།

{{#arraymap:རྡུལ་ཕྲ་རབ་

|; |@@@ | | }}

རྡུལ་ཕྲ་རབ་ (2)
Part of speech མིང་ཚིག
Definition བྱེ་མདོ་གཉིས་ཀྱིས། ཐམས་ཅད་ལས་ཕྲ་བའི་གཟུགས་ཏེ། དེ་ལས་ཆེས་ཆུང་མི་མངོན་པ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། རེག་ན་ནི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ཕན་ཚུན་འདྲེས་པར་འགྱུར་ལ། ཕྱོགས་རེ་རེག་ན་ཆ་བཅས་སུ་ཐལ་བའི་ཕྱིར་རོ། །ཕན་ཚུན་བདག་ཉིད་མ་རེག་པར། །ཆ་ཤས་མེད་པར་རྣམ་གནས་ཏེ། དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། བསགས་པ་ལས་ནི་བྱུང་བ་ཡིན། །ཞེས་གསུངས་པ་བཞིན་འདོད་དོ། ། དེ་ནི་ཡུལ་གྱི་ཚད་འཇལ་ཚད་མཐའ་ཐུག་ཡིན་ཚད་འཇལ་ཚུལ་འདི་ལྟར་སྟེ། རྡུལ་ཕྲ་རབ་ལ་སོགས་པ་དེ་དག་གོང་ནས་གོང་དུ་བདུན་འགྱུར་དུ་རྩིས་ཏེ་ཕྲ་རབ་ཀྱི་རྡུལ། དེ་བདུན་རྡུལ་ཕྲན་དང་ནི་དེ་བཞིན་དུ། དེ་བདུན་ལ་ལྕགས་རྡུལ། དེ་བདུན་ཆུ་རྡུལ། དེ་བདུན་རི་བོང་གི་རྡུལ། དེ་བདུན་ལུག་རྡུལ། དེ་བདུན་གླང་རྡུལ། དེ་བདུན་ཉི་ཟེར་གྱི་རྡུལ། དེ་བདུན་སྲོ་མ་དང་། དེ་བདུན་དེ་ལས་བྱུང་བ་ཤིག་དང་། ཤིག་བདུན་ལ་ནས། དེ་བཞིན་དུ་དེ་བདུན་སོར་ཚིགས་ཞེས་བྱ་བས་སོ། །སོར་མོ་དེ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་འདོམ་གང་། འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས། གྲོང་ལས་དེ་ཙམ་ཕྱིན་པའི་ས་སྟོངས་དེ་ལ་དགོན་པར་འདོད་ལ། རྒྱང་གྲགས་དེ་བརྒྱད་དཔག་ཚད་ཅེས་བྱའོ། །དེ་དག་གིས་སྣོད་བཅུད་ཀྱི་ཚད་ཐམས་ཅད་འཇལ་ལོ། །

{{#arraymap:རྡུལ་ཕྲ་རབ་

|; |@@@ | | }}

རྡུལ་ཕྲ་རབ་ (3)
Part of speech མིང་ཚིག
Definition རྡུལ་ཕྲ་བའི་མཐར་ཐུག་པའམ་གཟུགས་ཀྱི་ཆུང་མཐའ་ལ་རྡུལ་ཕྲ་རབ་ཟེར། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། རྡུལ་ཕྲ་རབ་དག་ཅེས་བྱ་བ་ནི་རྡུལ་ཤིན་ཏུ་ཕྲ་རབ་དག་སྟེ། གང་ལ་དེའི་ཕ་རོལ་ན་ཕྲ་རབ་གཞན་མེད་པ་དེ་ནི་རྡུལ་ཕྲ་རབ་དག་ཅེས་བྱའོ། །ཞེས་གསུངས།

{{#arraymap:རྡུལ་ཕྲ་རབ་

|; |@@@ | | }}