79579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་ཁ་སྐལ་བཟང་གླིང་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་ནང་ཚན་ལ་བླ་རབས་དང་པོ་མདའ་བའི་བླ་མ་འབུམ། བླ་རབས་གཉིས་པ་མདའ་བའི་གཅོད་རྒན། བླ་རབས་གསུམ་པ་མདའ་བ་དཔོན་རྒན་བསོད་ནམས་མཐའ་ཡས། བླ་རབས་བཞི་པ་མདའ་བ་དཔོན་ཆུང་། བླ་རབས་ལྔ་པ་མདའ་བླ་རིག་འཛིན་རྡོ་རྗེ། བླ་རབས་དྲུག་པ་མདའ་སྤྲུལ་འཇམ་དཔལ་བསྟན་འཛིན། བླ་རབས་བདུན་པ་མདའ་བླ་རྟོགས་ལྡན་འཇམ་དཔལ་ཚེ་རིང་། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། ཕྱག་ཚ་པདྨ་ཕྲིན་ལས་རྒྱ་མཚོ། མདའ་བ་སྤྲུལ་སྐུ་ལི་ཐར། སྟོང་ཟའི་མཁན་པོ་བཀྲ་ཤིས་རྒྱ་མཚོ། མདའ་བ་མཁན་པོ་བཀྲ་ཆོས། མཁན་པོ་ཚུལ་ཁྲིམས་མཐར་ཕྱིན། ཀོང་སྤྲུལ་ཆོས་དབྱིངས་རང་གྲོལ། མདའ་བ་དཔོན་སྤྲུལ་ཐུབ་བསྟན་ནོར་བུ་སོགས་ཀྱིས་བསྐྱངས། ཁྱད་པར་མདའ་བླ་འཇམ་དཔལ་ཚེ་རིང་ལ་ཆེ་གཏེར་ཆེན་གྲུབ་བརྙེས་མང་པོའི་ལུང་བསྟན་དང་། ཁྱད་པར་ཀཿཐོག་རྨོག་སྤྲུལ་གྱིས་རྡོ་རྗེ་ཕག་མོའི་གནས་དང་། གནས་སྒོ་བྱང་ན་ཡོད་པའི་ལུང་བསྟན་སོགས་ལ་གཞི་བྱས། མགོ་ལོག་མདའ་སྡེ་ཕྱུག་མོའི་ཡུལ་སྐྱོང་དར་གྱི་ཤྭ་བ་རིའི་ཉིན་ངོས་སུ་རྒྱལ་བའི་བཀའ་བསྟན་དང་གཟུངས་སྔགས་ཀྱི་རྡོ་ཁ་བཞེངས། ཀཿཐོག་རྨོག་སྤྲུལ་རིན་པོ་ཆེས་མདའ་བ་དགོན་པ་རྨ་མདུན་བྱང་ཆུབ་སྒྲུབ་པའི་དབེན་གནས་རྡོ་ཁ་སྐལ་བཟང་གླིང་ཞེས་མཚན་གསོལ།

{{#arraymap:རྡོ་ཁ་སྐལ་བཟང་གླིང་

|; |@@@ | | }}