From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྡོ་ཆུ་ (1)
| Part of speech
|
མིང་ཚིག
|
| Definition
|
བྲག་རྡོའི་གསེབ་ནས་མར་བཞུར་བའི་ཆུ་བོ།
|
| Example
|
རྡོ་ཆུ་དྭངས་ཤིང་བསིལ། །འཐུང་ན་སྐོམ་པ་སོད། །ཅེས་པ་ལྟ་བུ།
|
རྡོ་ཆུ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆུ་ཚན་སོགས་ཀྱི་གཏིང་དྲོད་ཀྱིས་རྡོ་ཞུ་ནས་ཆུ་རུ་བབས་ཤིང་། ཆུ་དང་བསྡོངས་ནས་ཕྱི་རུ་ཐོན་པས་རླངས་པ་ཡལ་བ་དང་། ཆུ་ལས་བྱེ་ནས་རྡོ་གཞན་གྱི་ངོས་སུ་ཆུ་དྲེག་ལྟར་ས་མིན་རྡོ་མིན་སྐྱ་སོབ་ཅན་ཆགས་པ་དེ་ཡིན། ནུས་པས་རུས་པ་ཆག་པ་སྦྱོར། དངུལ་གྱི་དུག་ལ་ཕན།
|
རྡོ་ཆུ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁམས་ཀྱི་འཇོ་མདའ་ས་ཆའི་འབབ་ཆུ་ཞིག་སྟེ། ཆུ་འགོ་ཁྲ་བོ་ཐང་ནས་བྱུང་ཞིང་སྤོ་ལོར་འབྲི་ཆུའི་ནང་དུ་འབབ།
|