79627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་བ་དཔལ་ལྡན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྡོ་བའི་ཡུལ་དུ་འཁྲུངས། འཁྲུངས་ལོ་མི་གསལ། ཆུང་དུས་ནས་དགོན་ལུང་བྱམས་པ་གླིང་གི་བསྟན་སྒོར་ཞུགས། གྲུབ་དབང་ཚུལ་ཁྲིམས་རྒྱ་མཚོ་སོགས་ལས་མཚན་ཉིད་ཀྱི་གཞུང་ལ་སྦྱངས་ནས་རབ་ཏུ་བྱུང་། དབུས་ཀྱི་གྲྭ་ས་ཆེན་པོ་ནས་གཞུང་བཀའ་པོད་ལྔར་མཁས་པར་སྦྱངས། ངམ་རིང་དུ་རབ་འབྱམས་སྨྲ་བའི་མཚན་བཏགས་བཞེས། མདོ་སྨད་དུ་བྱོན་ཏེ་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་ཕྱི་ལོ་ ༡༦༩༠ ལོར་མདོ་སྨད་དགོན་ལུང་བྱམས་པ་གླིང་གི་གདན་ས་ཁྲིར་བྱོན། གདན་ས་ལོ་གསུམ་རིང་བསྐྱངས། ལྷ་སྡེའི་རྩོད་པ་རྣམས་སྤྱི་སོ་ནས་ཐག་གཅོད་བྱས། ཆོས་འཆད་ཉན་གྱི་འགན་ཁུར་ལས་གཞན་མ་མཛད། འདིའི་སྐབས་ལི་ཐང་ནས་གདན་དྲངས་པའི་བཀའ་འགྱུར་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་སྤྱི་འཇོག་གནང་། སྒོམ་བཞིའི་གྲུབ་ཆེན་དགེ་འདུན་བློ་གྲོས་སོགས་ཀྱིས་ཞུས་ཏེ་སྐུ་འབུམ་དང་། དགོན་ལུང་། བྱ་ཁྱུང་། རེབ་སྐོང་ཚུན་ཆད་ཀྱི་མཁས་གྲུབ་འདུས་པ་ལས་ལྕང་སྐྱ་རིན་པོ་ཆེས་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་སུ་རྫོགས་པ་སྩལ། འདས་ལོ་མི་གསལ། དགོན་ལུང་བྱམས་པ་གླིང་གི་གདན་རབས་ཉེར་གཅིག་པ་ཡིན།