79629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་བཅངས་གྲྭ་ཚང་ (1)
Part of speech མིང་ཚིག
Definition སྡེ་རོང་རྫོངས་ཁོངས་སུ་ཡོད་པའི་སྟག་ལུང་བཀའ་བརྒྱུད་པའི་གྲབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡིན། དུས་རབ་བཅུ་བཞི་པའི་ནང་དུ་སྟག་ལུང་ཆོས་རྗེ་བྱང་ཆུབ་རྒྱ་མཚོས་ཕྱག་བཏབ་ཅིང་། ཁོང་ཙོང་ཁ་དན་ཏིག་ཏུ་ཕེབས་ཁར། ཉིད་ཀྱི་ཕྱག་གིས་བཅངས་པའི་རྡོ་མཛུབ་རྗེས་གསལ་པོར་མངོན་པ་ཞིག་དགོན་འདིར་དད་རྟེན་དུ་བཞག་སྟབས་མིང་དེ་ལྟར་ཐོག་པར་གྲགས། སྔོན་དུས་སུ་འདུས་པའི་གྲངས་གསལ་བའི་ཡིག་རིགས་མ་ཐོང་མོད། སྟག་ལུང་པའི་རྒྱུ་སྡེའི་ཕྱག་ལེན་གཙང་སེང་ངེ་བ་ཞིག་ཡིན་ངེས། དུས་འགྱར་སྐབས་རྩ་གཏོར་ཕོག་ནས་ཞིག་རལ་དུ་གྱུར་མོད། དེང་སྐབས་བསྐྱར་བཞེངས་བྱུང་ནས་སྤྲུལ་སྐུ་གཉིས་དང་གྲྭ་པ་བཞི་བཅུ་ཙམ་ཡོད་པ་དང་། གྲུབ་མཐའ་སྔ་འགྱུར་རྙིང་མར་འགྱུར་བཞིན་ཡོད་ཚུལ་གླེང་གིན་འདུག་པ་བཅས་སོ། །