79662
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རི་བོ་ཆེ་རྙིང་མ་གྲྭ་ཚང་གི་ཁོང་གཏོགས་ཡིན། རྗེ་དྲུང་བྱམས་པ་འབྱུང་གནས་ཀྱི་སྐུ་དུས་སུ་བཏབ། རྙིང་བླ་བེའུ་རྫི་ཚེ་རིང་གི་སྐུ་རིང་ལ་ཚེས་༡༠ཉེར་ལྔ་མ་ཆགས་པ་དང་དུས་ཆེན་ཁྱད་པར་ཅན་ལ་སྨྱུང་གནས་སོགས་འཚོགས་རྒྱུ་ཡོད། རིག་གསར་སྐབས་གཏོར་བརླག་བཏང། སླར་ཡང་ཉི་མ་གྲགས་པས་ཉམས་གསོ་བྱས། ད་སྐབས་སྤྱི་ཡི་ཁང་པ་དང་། ནང་གི་རྟེན་གསུམ་གསར་བཞེང་བྱས། བླ་གྲྭ་༢༠སྐོར་ཡོད་ཅིང་། ལོ་རེ་བཞིན། ཚེ་སྒྲུབ་གསང་འདུས་སོགས་ཀྱི་སྒྲུབ་པ་རྒྱུན་འཛུགས་དང་། སྨྱུང་གནས། རྣམ་རྒྱལ་སྟོང་མཆོད་སོགས་འཚོགས་རྒྱུ་ཡོད། |