79664
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་ཡབ་དགའ་བཞི་སྒར་དཔོན་ཚེ་བརྟན་བཀྲ་ཤིས་དང་། ཡུམ་བསོད་ནམས་ལྷ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་སྨིན་གྲོལ་གླིང་དུ་སློབ་དཔོན་ཆོས་རྫོང་པའི་སར་ལོ་བདུན་རིང་ཡི་གེ་དང་རིག་གནས་སྦྱངས། མདོ་སྔགས་རིག་གནས་ཀུན་ལ་བརྩོན། རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གཉིས་ལ་གཙུག་ལག་རིག་གནས་ཀྱི་ཡིག་རྒྱུགས་ཕུལ། ནོ་ཡོན་པཎྜི་ཏ་ཞེས་པའི་མིང་བཏགས། གུང་རྒྱུད་འཛིན་པའི་ཆོག་མཆན་གནང་། སོ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ཕྱི་ལོ་ ༡༧༥༡ ལོར་བཀའ་ཤག་གིས་ཐོག་དང་པོའི་བཀའ་བློན་དུ་བསྐོས། ལོ་ཞེ་གཅིག་རིང་བོད་གཞུང་ལ་ཞབས་ཏོག་ཞུས། གོར་བོད་དམག་འཁྲུག་དང་། སྨར་ཁམས་དམག་འཁྲུག་བཅས་ལ་བཀོད་འདོམས་མཛད། ལྷ་ལྡན་གཙུག་ལག་ཁང་ཞིག་གསོ་མཛད། དོན་གཉིས་པ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ ༡༧༩༢ ལོར་སྐུ་གཤེགས། མཚན་གཞན། དགའ་བཞི་མགོན་པོ་དངོས་གྲུབ་རབ་བརྟན། |