From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྡོ་རྗེ་ (1)
| Part of speech
|
མིང་ཚིག
|
| Definition
|
མི་ཕྱེད་པ་དང༌། མི་ཤིགས་པ།
|
རྡོ་རྗེ་ (2)
| Part of speech
|
མིང་ཚིག
|
| Definition
|
རྡོ་རྗེ་ཕ་ལམ་གྱི་བསྡུས་མིང༌།
|
རྡོ་རྗེ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྡོ་རྗེ་ཞེས་བྱ་བ་དེ་ཡང་རྣམ་པ་གཉིས་ཏེ། མཚོན་བྱ་དོན་གྱི་རྡོ་རྗེ་དང་། མཚོན་བྱེད་རྟགས་ཀྱི་རྡོ་རྗེའོ། ། དང་པོ་ལ་ནི་གསང་བའི་རྡོ་རྗེ་ཞེས་ཀྱང་གསུངས་ཏེ། རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སོ། །སྒྲུབ་པ་པོའི་གསང་གནས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་ཤིང་མངོན་པར་འདུ་བྱས་པ་ལ་ཡང་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཐ་སྙད་ཡོད་པར་གསུངས། རྟགས་ཀྱི་རྡོ་རྗེ་ནི་རྩེ་ལྔ་པ་ལ་སོགས་པ་སྟེ། དེ་ལྟ་བུས་ཡུ་བ་བྱས་པའི་དྲིལ་བུ་ལ་ཡང་རྟགས་ཀྱི་དྲིལ་བུ་ཞེས་བྱ་ལ། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་དེ་ཡང་རྣམ་པ་ལྔ་སྟེ། རྩེ་གཅིག་པ་དང་། རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། རྩེ་དགུ་པ་དང་། སྣ་ཚོགས་རྡོ་རྗེའོ། ། དེ་ལ་རྩེ་མོ་གསུམ་པ་དང་ལྔ་པ་དང་དགུ་པ་རྣམས་ལ་ནི་ཞི་དྲག་གི་དབྱེ་བས་རྭ་ཟུམ་པ་དང་གདེངས་པ་གཉིས་གཉིས་སུ་ཡོད་ལ། སྣ་ཚོགས་རྡོ་རྗེ་ལ་ནི་རྭ་གསུམ་པའི་སྣ་ཚོགས་རྡོ་རྗེ་དང་རྭ་ལྔའི་སྣ་ཚོགས་རྡོ་རྗེ་གཉིས་སུ་ངེས་སོ། །
|
| Domain
|
ཆོས་ལུགས།
|
རྡོ་རྗེ་ (4)
| Part of speech
|
མིང་ཚིག
|
| Definition
|
རྩིས་རིག སྦྱོར་བ་ཉེར་བདུན་གྱི་ནང་གསེས་ཤིག
|