79701
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོོ་གཉིས་མཆེ་བ་ལྟར་བྱས་པ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ། ཨོྃ་བཛྲ་ཡཀྵ་རྡོ་རྗེ་གནོད་སྦྱིན་ཞེས་བོད་བ། ཧཱུྃ་ཞེས་པའི་སྔགས་ཀྱི་ཚེ། ཐོག་དེའི་འོག་ཏུ་དེའི་ཅུང་ཟད་ཆུང་བའི་ཐོག་འོག་མ་ཞིག་གྲུབ་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱངས་པ་ལས་མཛུབ་མོ་གཉིས་མཆེ་བ་ལྟར་གུང་མོའི་རྒྱབ་ཏུ་སྦྱར་བ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅས་ཏེ། བཛྲ་ཡཀྵ་ནི་རྡོ་རྗེ་ཞེས་བོད་པའོ། །དམིགས་པ་ནི་དེའི་འོག་ཏུ་ཐོག་གྲུ་བཞི་པ་སྔར་བས་ཆུང་བ་གཅིག་བསམ་པ་སྟེང་གི་འོག་བཅིང་བའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |