79703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་མཛུབ་མོ་གཉིས་སྐོར་ཏེ་བཟློག་ནས་སྤྱི་བོར་བཞག་པ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ། ཨོཾ་དྲུཾ་ས་བོན། བནྡྷ་འཆིང་བ། ཧཾ་སྲུང་བ་ཞེས་པའི་སྔགས་ཀྱི་ཚེ་ཤར་ཕྱོགས་སུ་ཐོག་སྔ་མ་དང་འབྲེལ་བའི་རྡོ་རྗེ་ར་བ་ཡོལ་བ་བརྒྱང་བ་ལྟ་བུ་ཆེན་པོ་ཞིག་གྲུབ་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་སྦྲེལ་ལ་མཛུབ་མོོ་གཉིས་ཀྱི་རྩེ་མོ་སྦྱར་ཏེ་བཟློག་ནས་སྤྱི་བོར་བཞག་པ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའི་ཚེ། ཨོཾ་དྲུཾ་ནི་ས་བོན། བྷན་དྷ་ཆིངས། ཧཾ་ནི་སྲུང་བ་སྟེ། དཔལ་མཆོག་པད་འགྲེལ་ལས། ཧཾ་ནི་ཆོས་ཀྱི་ངག་རྣམས་ཤིན་ཏུ་སྲུང་བར་འགྱུར་རོ། །གཞན་འདྲ། ཤར་དུ་ཐོག་སྟེང་མ་དང་མཉམ་པའི་རྡོ་རྗེའི་ར་བ་གྲུབ་པར་བསམ་པ་ཤར་བཅིང་བའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།