79706
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཏན་ཚིགས་ཆེན་པོ་ལྔའི་ནང་གསེས། རྒྱུ་ལ་དཔྱོད་པ་དངོས་སྨྲའི་ལོག་རྟོག་གི་བྲག་རི་འཇིག་པ་རྡོ་རྗེ་གཟེགས་མ་ལྟ་བུ་རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་སྟོན་པའི་གཏན་ཚིགས་ཏེ། མྱུ་གུ་ལྟ་བུའི་དངོས་པོ་རྣམས་ཆོས་ཅན། བདེན་པར་སྐྱེ་བ་མེད་དེ། བདག་དང་གཞན་དང་གཉིས་ཀ་དང་གཉིས་མིན་ཏེ་རྒྱུ་མེད་ལས་མི་སྐྱེ་བའི་ཕྱིར། ཞེས་པ་མི་སྣང་བའི་འབྲེལ་ཟླ་རྒྱུ་མ་དམིགས་པའི་རྟགས་སོ། ། |
| Domain | ཚད་མ། |