79726
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་པ་དག་གི་ངག་གི་སྤྱོད་ཚུལ་བཅུར་གསུངས་པ་སྟེ། ཆོས་དང་མཐུན་པར་བྱ་བའི་དམ་པའི་དགོས་ཆེད་དུ་སྙན་པར་སྨྲ་བ། ཁ་གསག་ཁ་གཏོགས་དང་རྟ་གད་ག་ཞ་མི་བྱ་བ། སྨྲ་བ་ཐམས་ཅད་མི་འགྱུར་ངེས་བདེན་དུ་སྨྲ་བ། སྨྲ་བའི་དོན་རྫུན་མེད་གསོང་པོར་སྨྲ་ཞིང་དེ་ལས་ཚིག་ཕྱིས་མི་འགྱུར་བར་བྱ་བ། ངག་གིས་ཇི་སྐད་བརྗོད་པ་ལྟར་དེ་བཞིན་དོན་དང་མཐུན་པར་བྱ་བ། སྐབས་དང་དགོས་ཆེད་མེད་པར་ཐམས་ཅད་ཀུན་ཏུ་མི་སྨྲ་བ། ངག་གང་ཇི་སྐད་བརྗོད་པ་དོན་དང་འབྲེལ་ཞིང་དོན་དང་ལྡན་པར་བྱ་བ། རྣམ་པ་ཐམས་ཅད་དུ་འཆལ་བའི་གཏམ་སྨྲ་བར་མི་བྱ་བ། སྨྲ་བརྗོད་ཀུན་དཔེས་མཚོན་ནས་དོན་ཐོག་ཏུ་དབབ་ནས་གོ་ངེས་སུ་འཇལ་བར་བྱེད་པ། ཆོས་ཐམས་ཅད་ཚད་མས་གཞལ་ཏེ་དོན་སྒྲོ་སྐུར་མེད་པར་སྨྲས་པས་བདག་ཀྱང་ཚད་མར་སྨྲ་བའི་ཚིག་གི་རྗོད་པ་ཅན་དུ་བྱ་བ་དང་བཅུའོ། །འདི་ལ་རྣལ་འབྱོར་མཆོག་གི་ངག་གི་སྤྱོད་པ་བཅུའང་བརྗོད་དོ། ། |
| Domain | ཆོས་ལུགས། |