From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་ (1)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། རྒྱ་གར་གྱི་མཁན་པོ་པདྨ་ཀཱ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་ཞུས་ཏེ་དག་པར་བགྱིས། འདི་དང་གོང་གི་ཆོས་ཚན་ ༡༣༨༤ པ་གཉིས་མཛད་བྱང་དང་འགྱུར་བྱང་ཡོད་མེད་མི་འདྲ་བ་ལས་དོན་གཅིག་ཏུ་སྣང་། བསྟན་འགྱུར་རྒྱུད་ཟི་པར་བཞུགས།
|
རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། སྔགས་ལུགས་ཀྱི་བསྲུང་བྱའི་སྦོམ་པོ་བརྒྱད།
|
| Domain
|
ཆོས་ལུགས།
|