79803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པའི་རྡོ་རྗེ་ཕག་མིའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མཀས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཟ་པར་བཞུགས།
རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ (2)
Part of speech མིང་ཚིག
Definition བོད་ཀྱི་ལོ་ཙཱ་བ་བནྡེ་མར་པ་ཆོས་ཀྱི་དབང་ཕྱུག་ཉིད་ཀྱིས་བསྒྱུར། འདིའི་སྒྱུར་བ་པོ་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་རྒྱ་གར་གྱི་མཁན་པོ་མ་ཏི་ཀཱི་རྟི་དང་། ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར་ཞེས་འཁོད། བསྟན་འགྱུར་རྒྱུད་ཟ་པར་བཞུགས།
རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ (3)
Part of speech མིང་ཚིག
Definition རྗེ་བཙུན་ཀ་མ་ལ་ཤཱིས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་ཞི་པར་བཞུགས།
རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ (4)
Part of speech མིང་ཚིག
Definition མཁས་པ་ཨ་བྷ་ཡས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར། ཆོས་ཚན་འདི་འོག་ཏུ་པེ་ཅིང་པར་མ་དང་། སྣར་ཐང་གཉིས་ལ་རྒྱུད་གསར་བཅུག་གི་སྐབས་སུ་བཞུགས་པའི་ཆོས་ཚན་ ༢༩༥༧ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་བུ་པར་བཞུགས།
རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ (5)
Part of speech མིང་ཚིག
Definition པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས། བསྟན་འགྱུར་རྒྱུད་མུ་པར་བཞུགས།
རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ (6)
Part of speech མིང་ཚིག
Definition པཎྜི་ཏ་ཨ་ཝ་དྷཱུ་ཏཱི་པ་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་མུ་པར་བཞུགས།