79805
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞབས་ཀྱིས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམ་པར་སྒེག་མ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། སྟང་ཚང་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བ་ལས། ཕྱིས་པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་དགེ་སློང་རྡོ་རྗེ་འཛིན་པ་རྒྱ་མཚོའི་སྡེས་མི་བཅོས་སུ་མི་རུང་བ་རྣམས་བཅོས་ཤིང་དོན་ལ་རྟོན་པ་ཉིད་དུ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་འ་པར་བཞུགས། |