79808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་ཕུང་པོ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྡོ་རྗེ་ཕུང་པོ་ནི། དཔལ་གསང་བ་སྙིང་པོ་ལས། ཨེ་མ་ཧོཿརྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་གསུངས་ཏེ། འདི་ལ་དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས། བདག་ཡབ་ཡུམ་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷ་རུ་རྣམ་པར་དག་པར་གསུངས་སོ། །ཞེས་དང་། དེ་ལ་རྡོ་རྗེ་ཕུང་པོ་ཞེས་བྱ་བ་ནི། འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཡིན་ལ། སྤྱིར་ནི་རྒྱུ་ཡེ་ཤེས་དང་། ཕུང་པོ་ལྔ་དང་། ཉོན་པ་ལྔ་པ་དང་། རིགས་ལྔ་དབྱེར་མེད་པའི་རྡོ་རྗེ་ཞེས་བྱ་བ་ལ་དེ་འདིར་ནི་མཧཱ་ཡོ་གའི་གཞུང་གིས་རྣམ་པར་ཤེས་པའི་ཕུང་པོ་ལ་བྱ། དེའི་ཡན་ལག་ནི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པར་བྱའོ། །ཡང་ན་གཉིས་སུ་ན། རྡོ་རྗེའི་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་བྱ་བ་ལས། འདིའི་ཡན་ལག་ནི། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ། །ཞེས་བྱ་བར་ཡང་བཀག་པ་མ་ཡིན་ནོ། །ཞེས་ཏེ། དེ་ལྟར་ན་འཁོར་བ་ཅན་གྱི་ཕུང་པོ་ལྔ་རྫོགས་པའི་སངས་རྒྱས་ལྔ་རུ་ཐེག་པ་ཆེན་པོ་མ་ཧཱ་ཡོ་གའི་གཞུང་གིས་ཀྱང་གྲགས་ཞེས་བྱའོ། །ཞེས་གསུངས།
Domain ཆོས་ལུགས།
རྡོ་རྗེ་ཕུང་པོ་ (2)
Part of speech མིང་ཚིག
Definition དཀོན་ཅོག་འགྲེལ་ལས། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་ཐབས་ཀྱི་ཆ་བཟུང་ནས་ཕྱག་རྒྱའི་དཀྱིལ་འཁོར་དུ་སངས་རྒྱས་པར་གླེང་བསླང་བའོ། །དེ་ལ་ཕུང་པོ་ལྔ་ཉིད་སངས་རྒྱས་ལྔ་དང་མི་ཕྱེད་པས་རྡོ་རྗེའི་ཕུང་པོའོ། །ཡན་ལག་ནི་དེའི་བྱེ་བྲག་སྟེ། དེ་ཡང་སངས་རྒྱས་སུ་གྲགས་པའི་སྒྲ་ནི་གྲུབ་པའི་སྒྲའོ། །ཞེས་གསུངས་སོ། །