7983

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་གཙང་མ་ལྔ་ (1)
Part of speech མིང་ཚིག
Definition མདོ། གནས་གཙང་མ་རྣམས་ཏེ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་མཐོང༌། འོག་མིན་ཏེ་ལྔའོ། །དེ་དག་ལྔར་ངེས་པའི་རྒྱུ་མཚན་ནི་འདི་ལྟར་ཏེ། སྤེལ་མར་བསྒོམ་པ་དེ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། ཤིན་ཏུ་ཆེ་བ་དང་། ཤིན་ཏུ་ཆེས་ཆེ་བའི་བྱེ་བྲག་གིས་རྣམ་པ་ལྔ་ཡིན་ཏེ། དང་པོ་ལ་ནི་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་བཅས་པ་དང་པོར་སེམས་གསུམ་མངོན་སུམ་དུ་བྱེད་དོ། །གཉིས་པ་ལ་ནི་དྲུག་གོ །གསུམ་པ་ལ་ནི་དགུའོ། །བཞི་པ་ལ་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྟེ། དེ་དག་གི་འབྲས་བུ་ནི་གྲངས་བཞིན་དུ་གནས་གཙང་མ་ལྔ་ཡིན་ལ་དེ་ལ་ཟག་པ་དང་བཅས་པ་གང་ཡིན་པ་དེའི་དབང་གིས་དེ་དག་ཏུ་སྐྱེའོ། །གཞན་དག་ན་རེ། དད་པའི་དབང་པོ་ལ་སོགས་པ་ལྷག་པའི་ཕྱིར་ལྔ་ཡིན་ནོ་ཞེས་ཟེར་རོ། །
Domain ཆོས་ལུགས།