7984

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་གཙང་མའི་རིས་ཀྱི་མིང་ལྔ་ (1)
Part of speech མིང་ཚིག
Definition གནས་གཙང་མའི་རིས་སུ་སྐྱེས་པའི་ནང་ན་ཡང་གོང་མ་གཞན་རྣམས་ལས་བསོད་ནམས་ཆུང་བས་ན་མི་ཆེ་བ་ཞེས་བྱའོ། །གནས་འདིར་སྐྱེས་པ་ནི་བསམ་གཏན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པས་གདུང་བར་མི་ནུས་པའི་ཕྱིར་མི་གདུང་བ་ཞེས་བྱའོ། །གནས་འདིར་སྐྱེས་པ་ནི་བསམ་གཏན་ལ་ཇི་ལྟར་བསྒོམ་ཡང་ཉོན་མོངས་པས་བསྒྲིབས་ཤིང་ཆོད་པ་མེད་པས་ན་གྱ་ནོམ་སྣང་བའོ། །གནས་འདིར་སྐྱེས་པའི་ལྷ་ནི་ལྷ་གཞན་གྱིས་བལྟས་ན་རབ་ཏུ་བདེ་ཞིང་ཞི་བའི་ཁྱད་པར་ཅན་དུ་མཐོང་བས་ན་ཤིན་ཏུ་མཐོང་ཞེས་བྱའོ། །གནས་འདིར་སྐྱེས་པའི་ལྷ་ནི་གཟུགས་ཁམས་ཀྱི་མཐར་ཐུག་ལ། དེ་ཡན་ཆད་གཟུགས་ཅན་གཞན་མེད་དེ། ཀུན་གྱི་གོང་དུ་གྱུར་པས་ན་འོག་མིན་ཞེས་བྱ་བའོ། །
Domain ཆོས་ལུགས།