79842
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དེ་ཡང་ཆུ་ཅོད་ཀྱི་དབང་ལུས་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས་ལུས་སྐུ་རྡོ་རྗེ་དང་། དར་དཔྱངས་རྡོར་དྲིལ་ངག་གི་དྲི་མ་སྦྱོང་བྱེད་ཡིན་པས་གསུང་རྡོ་རྗེ་དང་། བརྟུལ་ཞུགས་དང་མིང་ཡིད་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས་ཐུགས་རྡོ་རྗེ་དང་། རྗེས་གནང་ཡེ་ཤེས་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས་ཡེ་ཤེས་རྡོ་རྗེར་བསྐྱེད་ཅིང་རྡོ་རྗེ་བཞི་པོའི་ངོས་འཛིན་ཡང་དུས་འཁོར་རང་ལུགས་ལ་གྲགས་ཆེ་བའི་དབང་དུ་བྱས་ནས་སྐུ་འོད་དཔག་མེད། གསུང་རིན་འབྱུང་། ཐུགས་དོན་ཡོད་གྲུབ་པ། ཡེ་ཤེས་རྣམ་སྣང་དུ་བྱེད་པའང་ལག་ལེན་གྱི་རྒྱུན་དང་ལྡན་པའི་ཕྱིར་ཡིན་ནོ། ། |
| Domain | ཆོས་ལུགས། |