79844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་བཞི་བསྐྱེད་ཀྱི་ཆིངས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྡོ་རྗེ་བཞི་བསྐྱེད་ཀྱི་ཆིངས་བཤད་པ་ནི། རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་འོ། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་པ་ཡི་གེ་འགོད་པ་འོ། །ཞེས་གསུངས། དེའི་དོན་ནི། གང་དུ་བསྒོམ་པ་གནས་ཀྱི་དེ་ཉིད་ནས་དེ་བཞིན་ཉིད་ལ་བྱང་ཆུབ་པའི་དེ་ཉིད་ཀྱི་བར་ནི་སྟོང་ཉིང་བྱང་ཆུབ་པའི་རྡོ་རྗེ་དང་། ཉི་མ་སོགས་ལ་དམིགས་པའི་ལྡང་བའི་དེ་ཉིད་ནས་ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད་ཀྱི་བར་ནི་ས་བོན་བསྡུ་བའི་རྡོ་རྗེ་དང་། སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་ནས་ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད་ཀྱི་བར་ནི་གཟུགས་ཉིད་རྫོགས་པའི་རྡོ་རྗེ་དང་། སྐུ་བྱིན་རླབས་ཀྱི་དེ་ཉིད་ནས་ཡབ་ཡུམ་གྱི་མཁའ་གསང་ལ་ཡི་གེ་འགོད་པའི་བར་ནི་ཡི་གེ་འགོད་པའི་རྡོ་རྗེ་ཡིན་ཞིང་། དེ་ནི་སྒྲུབ་ཐབས་བསྡུས་པའི་དབང་དུ་བྱས་པ་ཡིན་ལ། རྒྱས་པའི་དབང་དུ་བྱས་ན། ཡུམ་གྱི་པདྨར་རྟེན་གཞལ་ཡས་ཁང་བསྐྱེད་པ་ནས་སྔར་གྱི་གཞལ་ཡས་ཁང་ལ་ཐིམ་པར་གྱུར་ཞེས་པའི་བར་ཡང་ཡི་གེ་འགོད་པའི་རྡོ་རྗེ་ཡིན་པར་རྒྱུད་ཕྱི་མའི་འགྲེལ་པར་ནཱ་རོ་པས་བཤད་དོ། །
Domain ཆོས་ལུགས།