79846

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་བཞིའི་རང་བཞིན་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཆོས་ཀྱི་དབྱིངས་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་དང་བྲལ་ཡང་། དོན་དམ་པའི་འཁོར་འདས་ཀུན་གྱི་རྣམ་པར་སྣང་བ་ནི་སྐུ་རྡོ་རྗེ་དང་། ཆོས་དབྱིངས་དེ་ཉིད་སངས་རྒྱས་རང་སྣང་ལ་བརྗོད་བྲལ་ཡང་ཡིན་ལ་སྒྲ་སྐད་ཐམས་ཅད་པར་རྟག་ཏུ་ཤར་བ་དེའི་མཐུ་ལས། གདུལ་བྱ་གཞན་སྣང་དུ་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་དང་། རང་རང་གི་བློ་དང་འཚམ་པར་ཆོས་ཀྱི་སྒྲ་དབྱངས་ཆེན་པོ་འབྱུང་བ་ནི་གསུང་རྡོ་རྗེ་དང་། ཆོས་ཉིད་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དྭངས་མའི་ཚུལ་གྱིས་བཞུགས་པས། ཤེས་བྱ་མཐའ་དག་ལ་ཇི་ལྟ་དང་ཇི་སྙེད་པའི་རྟོགས་ཚུལ་རྣམ་པ་གཉིས་རྟག་ཏུ་འབྱུང་བ་ནི་ཐུགས་རྡོ་རྗེ། ཆོས་དབྱིངས་དེ་ཉིད་རང་བཞིན་བདེ་བ་ཆེན་པོར་གནས་པས། འཁོར་འདས་ཀྱི་དངོས་པོ་ཐམས་ཅད་དང་རྣམ་ཆ་མཚུངས་པས་ཐམས་ཅད་ཀྱི་མཚན་ཉིད་འཛིན་པར་བྱེད་པས་ཁྱད་པར་དུ་བྱས་བའི་བདེ་བ་འགྱུར་མེད་དེ་ནི་ཡེ་ཤེས་རྡོ་རྗེའོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེ་བཞིའི་རང་བཞིན་

|; |@@@ | | }}